སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་གསར་པ《སྒོ་སམ》ཕབ་མགོ་བརྩམས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-19 11:54:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ11པའི་ཚེས21ཉིན། གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་གསར་པ《སྒོ་སམ》ཞེས་པ་དེ་མདོ་སྨད་རྔ་བ་རུ་ཕབ་སྐྲུན་གྱི་དབུ་འཛུགས་མཛད་སྒོ་སྤེལ།
     ཕབ་སྐྲུན་མཛད་སྒོའི་སྟེང་གློག་བརྙན《སྒོ་སམ》གྱི་འཁྲབ་འཁྲིད་པ་ཡོན་ཏན་དང་།  གཙོ་འཁྲབ་པ་མགར་དམག གཙོ་འཁྲབ་པ་ཤེལ་དཀར་སོགས་གཙོས་པའི་བརྙན་ལེན་པ་དང་སྒྲ་ལེན་པ་སོགས་ཕབ་སྐྲུན་ཚན་ཆུང་གི་མི་སྣ་ཚོས་རྟེན་འབྲེལ་གྱི་ཤིས་ཚིག་བརྗོད་པ་དང་། སོ་སོའི་གློག་བརྙན་སྒོ་སམ་དང་འབྲེལ་བའི་གཏམ་བཤད་གནང་སྣེ་ཕབ་སྐྲུན་མཛད་སྒོ་གྲལ་རྒྱས་ངང་སྤེལ།

     གློག་བརྙན《སྒོ་སམ》ཞེས་པ་ནི་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་གཅིག་ལྕོགས་གནང་བའི་གཏམ་རྒྱུད་གློག་བརྙན་གཉིས་པ་དེ་ཡིན་ཞིང་། གློག་བརྙན《སྒོ་སམ》ནང་དུ་ལང་ཚོ་དར་ལ་བབ་པའི་གསབ་ཁྲིད་དགེ་རྒན་ཞིག་གི་རྨི་ལམ་ནང་རྟག་པར་བུ་མོ་གཞོན་ནུ་མ་ཞིག་སླེབས་བཞིན་པ་དང་སྦྲགས་དངོས་ཡོད་དང་འཕྲུལ་སྣང་ཐམས་ཅད་ནས་ཁོ་ལ་དཀའ་ངལ་འཕྲད་བཞིན་པའི་གཏམ་རྒྱུད་ཡ་ང་བ་ཞིག་བརྗོད་ཡོད།

     གློག་བརྙན《སྒོ་སམ》གྱི་ཕབ་སྐྲུན་དུས་ཚིགས་ནི་སྟོན་མཇུག་དང་དགུན་གྱི་དུས་འགོ་གདམས་པར་བྱས་ལ། དུས་ཚིགས་འདི་ཡི་ཁ་མདོག་གིས་གློག་བརྙན་སྒོ་སམ་གྱི་མཚོན་ཐབས་ལ་ཚོན་མདངས་དམིགས་བསལ་ཞིག་སྐྲུན་པར་བྱས། མ་ཟད་གློག་བརྙན《སྒོ་སམ》ཁྲོད་ཀྱི་འཚོ་བའི་ཟ་ཟུར་མང་ཆེར་ཁ་བ་ལྷབ་ལྷུབ་ཀྱི་བརྙན་མིག་མང་ཙམ་བཀོལ་བས་གློག་བརྙན་འདི་ཡི་མཚོན་ཐབས་ཐད་སྔ་ན་མེད་པའི་མི་སྡུག་པའི་མཛེས་པ་སྐྲུན་ཡོད།

འཁྲབ་ཁྲིད་པ་ངོ་སྤྲོད།
     གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ནི་ཨ་མདོ་རྔ་བར་སྐྱེས། ཁོའི་སྨྱུག་མིང་ལ་སྙུག་བཅུད་ལེན་ དུ་འབོད། ཁོ་རང་སྤྱི་ལོ2014ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་རྩོམ་རིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། པེ་ཅིང་གློག་བརྙན་སྒྱུ་རྩལ་སློབ་གླིང་དུ་གློག་བརྙན་འཁྲབ་ཁྲིད་དང་འཁྲབ་གཞུང་སྐོར་ལ་སློབ་གཉེར་བྱས། རྩོམ་རིགས་བརྩམས་ཆོས་བོད་ཡུལ་བསྐོར་བའི་ཟིན་ཐོ《རྐང་འཁོར་དང་ལྷ་ས》དང་། འབོལ་རྩོམ་ཆེད་དེབ《མི་རབས་དཔའ་བོ》སོགས་དང་། གློག་བརྙན་བརྩམས་ཆོས《རྒྱང་རིང》སོགས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...