སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《གནས་མཆོག་ཤམ་བྷ་ལ》ཞེས་པ་ཚེས22ཉིན་ཀྲུང་དབྱང་བརྙན་འཕྲིན་ནས་གཏོང་རྒྱུ་ཡིན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-17 10:46:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     མཚེའུ་དང་གངས་རི། གདོད་མའི་ནགས་ཚལ། རི་གྲོང་གི་འཚོ་བ། བོད་ལུགས་ཀྱི་གོམས་སྲོལ་ཚང་མ་གཅིག་ཏུ་སྣང་ཡོད་པ་ལས། མི་མང་པོ་ཞིག་ལ་ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་མཛེས་སྡུག་ཡུལ་ལྗོངས་ལས་བརྗེད་མེད་ཀྱི་དྲན་པ་ཞིག་བཞག་ཡོད་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གཉིས་ཀྱིས་ཇུས་འགོད་དང་ལྟ་ཞིབ་བྱས་པའི4K(དྭངས་གསལ་གྱི་དབྱེ་ཞིབ་ཆེས་ཆེ་བ)ཆེ་གྲས་ཀྱི་དངོས་བཤུས་གློག་བརྙན་《གནས་མཆོག་ཤམ་བྷ་ལ》ཞེས་པ་ཟླ་དང་པོའི་ཚེས22ཉིན་ནས་ཚེས26ཉིན་བར་གྱི་ཆུ་ཚོད་18:15སྐབས། ཀྲུང་དབྱང་བརྙན་འཕྲིན་བཞི་པ་(ཀྲུང་དབྱང་བརྙན་འཕྲིན་གྱི་རྒྱ་སྐད་རྒྱལ་སྤྱིའི་བརྙན་འཕྲིན་)ནས་གཏོང་རྒྱུ་ཡིན་པར་མ་ཟད། ཡིའུ་ཁུའུ་དང་ཕི་ལི་ཕི་ལི་དྲ་ཚིགས་གཉིས་ནས་ཀྱང་དུས་མཚུངས་སུ་གཏོང་རྒྱུ་ཡིན་པ་རེད།
     《གནས་མཆོག་ཤམ་བྷ་ལ》ཞེས་པར་ཁྱོན་བསྡོམས་ལེའུ་ལྔ་ཡོད་ལ། དེ་དག་ནི་སྤྲོ་གླིང་དང་། རྒྱུད་འཛིན། གནས་མཆོག ལས་འབྲེལ། རེ་སྨོན་བཅས་ཀྱི་བརྗོད་དོན་ལྔ་ཡིན་པ་རེད། མི་སུ་ཞིག་ཀྱང་རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་ནང་། རང་སོ་སོའི་མཛེས་སྡུག་གི《རེ་སྨོན》བསྣམས་ཏེ་ངོ་མཚར་གྱི《ལས་འབྲེལ》བརྒྱུད་ནས་སྒེར་ཚང་གི《རྒྱུད་འཛིན》བརྒྱུད་པ་དང་རང་དབང་གི་《གནས་མཆོག》བསྐྲུན་རྗེས། མཇུག་མཐར་རང་ཉིད་དགའ་བའི་མི་དང་དངོས་པོ་གང་ཞིག་དང་མཉམ་དུ་རང་ཉིད་ཀྱི《སྤྲོ་གླིང》དེ་ཉིད་སྲུང་བ་རེད།
     ལེའུ་ལྔ་ཅན་གྱི་དངོས་བཤུས་གློག་བརྙན་འདིར། སི་ཁྲོན་བོད་ཁུལ་གྱི་མཛེས་ལྗོངས་ཚང་མ་བསྡུས་ཡོད་ལ། ལི་ཐང་གི་རྩྭ་ཐང་ཆེན་པོ་དང་། གངས་རི་མཐོན་པོ། བརྗིད་ཆགས་ཀྱི་དགོན་པ། རི་ཆུའི་མཛེས་ལྗོངས་སོགས་ཡོད་ལ། ཆུ་ཆེན་གྱི་མུ་མེད་ལི་སྡོང་གི་མེ་ཏོག་ལ། གནམ་སྔོན་མོ་དང་དྭངས་མོ་ཆུ་གཉིས་ཀྱིས་བརྒྱན་པ་ལས། རྒྱང་རིང་གི་གངས་རིའི་གྲིབ་གཟུགས་མངོན་པ་བཅས་ནས་དྭངས་གསལ་དག་གཙང་གི་རི་མོ་ཞིག་གྲུབ་ཡོད། ཁྲོན་བོད་ལམ་རྒྱུད་ཀྱི་ཟམ་པ་དང་། འདབ་པའི་ཉིན་སྟེང་དང་། གསེར་རྟ་སོགས་ནི་ཡུལ་སྐོར་བ་ཚོས་དགའ་མགུ་བྱེད་ལ། ཚང་མ་ཡང་རེ་རེ་བཞིན་དུ་བསྡུས་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...