སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གངས་ཆབ་ཟེགས་མའི་འགྱུར་ཁུགས་སྐབས་དྲུག་པ་ཀན་ལྷོའི་གཙོས་གྲོང་ཁྱེར་དུ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-26 10:46:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ལམ། གངས་ཆབ་ཟེགས་མའི་འགྱུར་ཁུགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་སི་ཁྲོན་མནྚ་ལ་བརྙན་རིས་སྨྱན་བྱད་གཉིས་མཉམ་འབྲེལ་སྒོས་སྒྲུབ་པའི་གངས་ཆབ་ཟེགས་མའི་འགྱུར་ཁུགས་སྐབས་དྲུག་པ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཀན་ལྷོའི་ཟློས་གར་ཁང་ཆེན་མོ་རུ་སྤེལ།

     ཐེངས་འདིའི་སྤྲོ་ཚོགས་སྟེང་། གླུ་བ་དཔལ་མགོན་དང་། ཞི་བདེ་ཉི་མ། སྒྲོལ་མ་སྐྱབས། དབྱངས་ཅན་ལྷ་མཛེས། བདེ་སྐྱིད་ཚེ་རིང་། དཔལ་ཡུལ་བཀྲ་ཤིས། བསྟན་པ་དབང་མོ། གདུགས་དཀར་ཡག དངོས་གྲུབ་སྒྲོལ་མ། བསམ་གྲུབ་ཚེ་རིང་། ཧོར་གཙང་ལྷ་ལུང་མཚོ། གདུགས་དཀར་སྐྱབས། གཡུ་འབྲུག་ཚན་སྡེབ། བསྟན་པ་དར་རྒྱས། རྟ་མགྲིན་ཚེ་རིང་སོགས་གདན་ཞུའི་སྐུ་མགྲོན་རྣམས་ཀྱིས་སྤྲོ་ཚོགས་སུ་བརྩམས་ཆོས་བདམས་ཐོན་བྱུང་བའི་གླུ་བ་དང་ལྷན་དུ་ཡུལ་དངོས་སུ་གཞི་རྒྱ་ཆེ་ཞིང་སྤུས་ཚད་ལེགས་ལ། རྣམ་པ་མང་བའི་གླུ་གཞས་ཀྱི་གཟབ་ཚོགས་ཤིག་ཕུལ་བས། གཟིགས་མོ་བ་རྣམས་ཀྱི་དགའ་བསུ་རབ་ཏུ་ཐོབ།

     དགོང་མོ་དེར། གཙོ་སྒྲུབ་སྡེ་ཁག་གིས་དུས་ཡུན་རིང་བོར་གངས་ཆབ་ཟེགས་མའི་འགྱུར་ཁུགས་སྐབས་དྲུག་པར་དོ་སྣང་དང་རྒྱབ་སྐྱོར་གནང་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་གྱ་ནོམ་པ་གནང་བ་སྟེ། སྤྲོ་ཚོགས་བསྡུས་མགོ་བརྩམས་པའི་དུས་མཉམ་དུ་དྲ་ལམ་དུ་ཡུལ་དངོས་ཐད་གཏོང་བྱས་ནས་དངོས་སུ་འབྱོར་མ་ཐུབ་པའི་གྲོགས་པོ་རྣམས་ལ་དྲ་ལམ་དུ་སྤྲོ་ཚོགས་ལ་ཉམས་སུ་མྱོང་བའི་སྟབས་བདེ་བསྐྲུན། དྲ་ལམ་དང་དྲ་གྲོགས་མང་པོས་གཟབ་ཚོགས་འདི་མཉམ་སྤྱོད་བྱས་པར་བརྒྱུད། དྲ་གྲོགས་མང་པོའི་དགའ་བསུ་ཆེན་མོ་ཐོབ།

     གངས་ཆབ་ཟེགས་མའི་འགྱུར་ཁུགས་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲིའི་ཀུང་ཟིའི་ཁྲིམས་མི་དང་གངས་ཆབ་ཟེགས་མའི་འགྱུར་ཁུགས་སྐབས་དྲུག་པའི་སྤྱི་ཁྱབ་ཇུས་འགོད་པ་འཇམ་བྷེ་ཡིས་བསྟན་དོན། གངས་ཆབ་ཟེགས་མའི་འགྱུར་ཁུགས་འདི2018ལོའི་བར་བསྟུད་མར་སྐབས་དྲུག་ལ་བདེ་བླག་ངང་སྤེལ་ཞིང་། འདིར་བོད་རིགས་གླུ་བ་དང་སྒྱུ་རྩལ་པ་མང་པོའི་རྒྱབ་སྐྱོར་དང་རོགས་རམ་ཆེན་མོ་ཐོབ་པས། ཁོང་ཚོ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན། སྤྲོ་ཚོགས་སྤེལ་བའི་གོ་རིམ་ཁྲོད་ད་དུང་མི་འདང་ས་འགའ་རེ་ཡོད་ཅིང་། རྗེས་མར་སྤྲོ་ཚོགས་སྤེལ་དུས་གངས་ཆབ་ཟེགས་མའི་འགྱུར་ཁུགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་སྐུ་ཞབས་འཇམ་བྷེས་མུ་མཐུད་དུ་མི་འདང་ས་ལེགས་བཅོས་བྱ་རྒྱུ་དང་། གང་ནུས་ཀྱིས་ཕུགས་བསམ་གྱི་སྤྲོ་ཚོགས་ཤིག་བསྡུ་བར་བརྩོན་ངེས།
     རྒྱུས་ལོན་པ་ལྟར་ན། གངས་ཆབ་ཟེགས་མའི་འགྱུར་ཁུགས་སྐབས་དྲུག་པ་ནི་བོད་ལུགས་ལོ་སར་གྱི་སྐབས་སུ་ཡང་བསྐྱར་དྲ་ལམ་སྟེགས་བུའི་སྟེང་ཐད་གཏོང་བྱ་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...