སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གློག་བརྙན《ལྷ་མོ་དང་སྐལ་བྷེ》མཚོ་སྔོན་འབའ་རྫོང་ནས་ཕབ་མགོ་བརྩམས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-8 11:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ4བའི་ཚེས7ཉིན། ཁྱུང་ཆེན་བརྙན་གཟུགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་སི་ཁྲོན་མེ་ལིན་ཁྲེན་ཨུན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་སྒོས་སྒྲུབ་བའི་གློག་བརྙན《ལྷ་མོ་དང་སྐལ་བྷེ》ཞེས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ནས་ཕབ་མགོ་བརྩམས།

     གློག་བརྙན་འདི་ནི་བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་ཀྱི་འགན་ཁུར་བ་དང་། ཧྥེང་ཅཱ་མེས་སྤྱི་ཁྱབ་སྒྲིག་བཟོ་བའི་འགན་ཁུར་ལ། བོད་རིགས་འཁྲབ་སྟོན་པ་བསོད་ནམས་ཉི་མ་དང་བདེ་སྐྱིད་གཉིས་འཁྲབ་སྟོན་བྱས། བརྙན་འདི་ཧྲིལ་བོར་མཚོ་སྔོན་འབའ་རྫོང་ནས་ཕབ་པ་དང་། སྔོན་དཔག་བྱས་པ་ལྟར་ན་དུས་ཡུན་ཟླ་གཅིག་གི་རིང་ཕབ་ཚར་ངེས།
     བོད་སྐད་གློག་བརྙན《ལྷ་མོ་དང་སྐལ་བྷེ》ཞེས་པས་གཙོ་ཆེར་ལྷ་མོའི་ཀྱག་ཀྱོག་གི་བརྩེ་དུང་གཏམ་རྒྱུད་བརྗོད་ཅིང་། མི་སྣ་ཆུང་ཆུང་འགའི་བརྩེ་དུང་གཏམ་རྒྱུད་ལས་དེང་རབས་བོད་མིའི་འཚོ་བའི་གནས་སྟངས་དང་བརྩེ་སེམས་བརྗོད་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...