སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དར་མདོའི་ལྷན་འཛོམས་ཞེས་པའི་རིག་རྩལ་སྤྲོ་ཚོགས་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-24 10:45:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།


ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་ཚོས《པད་མའི་གདམས་ངག》ཅེས་པའི་ཆོས་གླུ་ལེན་བཞིན་པ།


དར་མདོའི་ལྷན་འཛོམས་ཞེས་པའི་རིག་རྩལ་སྤྲོ་ཚོགས་སྤེལ་བ།


དབྱངས་ཅན་མཚོས་ཤམ་བྷ་ལ་ཞེས་པའི་གླུ་དབྱངས་ལེན་བཞིན་པ།


ཤེས་རབ་རྡོ་རྗེས་མ་ཕམ་གཡུ་མཚོ་ཞེས་པའི་གླུ་དབྱངས་ལེན་བཞིན་པ།


སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་ཚོས་རྡུང་ལེན་བྱེད་བཞིན་པ།


འཁྲབ་སྟོན་པ་རྣམས་ཀྱི་མཉམ་སྒྲོན་འདྲ་པར།

     བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྒྱུ་རྩལ་དར་རྒྱས་གོང་འཕེལ་གཏོང་བ་བཅས་ལ་དམིགས་ནས་དར་མདོའི་ས་ག་ཟླ་བའི་དུས་ཆེན་གྱི་སྐབས་དང་བསྟུན་ཏེ། སྤྱི་ཟླ5པའི་ཚེས22ཉིན་ཏེ་བོད་ཟླ4པའི་ཚེས8ཉིན། དར་མདོ་གྲོང་ཁྱེར་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་དང་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱིས་སྒྲུབ་འགན་འཁུར་བ་དང་། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།སི་ཁྲོན་མི་རིགས་སློབ་གླིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཅས་ཀྱིས་རོགས་གཉེར་བྱས་པའི་མང་ཚོགས་རིག་རྩལ་འཁྲབ་སྟོན་དེ་དར་མདོའི་ཟློས་གར་ཁང་དུ་སྤེལ་བ་རེད།
     ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་ཉིའུ་ཆོན་དང་། དཀར་མཛེས་ཁུལ་གྱི་ཀུའུ་ཀྲི་ཕིང་། རིན་ཆེན། བློ་བཟང་རྣམ་རྒྱལ། བྱམས་པ་གཡང་མཚོ་བཅས་ཀྱིས་རིག་རྩལ་འཁྲབ་སྟོན་མདོ་འཛིན་བྱས་ཤིང་། འཁྲབ་སྟོན་གྱི་སྔོན་དུ་དར་མདོའི་པར་དེབ་སྙིང་གྲོགས་དམ་པ་ཞེས་པའི་འགྲེམས་སྤེལ་མཛད་སྒོ་སྤེལ་བ་རེད། འཁྲབ་སྟོན་གྱི་གཙོ་དོན་ནི་དར་མདོའི་སྣང་བརྙན་དང་དར་མདོའི་ལས་འབྲེལ། དར་མདོའི་རེ་སྨོན་བཅས་ཁག་གསུམ་ཏུ་བགོས་པ་དང་། ནང་དོན་ཐད་སྐོར་བྲོ་དང་བོད་ཀྱི་ཟློས་གར།གཞས་མ་གཏམ།ཞབས་བྲོ། སྙན་ངག་གྱེར་འདོན།རྡུང་ལེན།ཁེར་གླུ་སོགས་འདུས་ཤིང་། སི་ཁྲོན་གྱི་གཞས་མ་གཏམ་འཁྲབ་སྟོན་པ་གྲགས་ཅན་ཏིང་ཏང་གཙོས་པའི་འཁྲབ་སྟོན་པ་དང་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་སྡེ་ཚན་གྱིས་རིན་ཐང་ཆེ་ལ་སྲོལ་རྒྱུན་གྱི་དྲི་ངད་མ་ཡལ་པའི་འཁྲབ་སྟོན་ལེ་ཚན་འཁྲབ་ནས་ལྟད་མོ་བའི་མིག་དབང་འཕྲོག་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...