སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོ་ལོག་དར་ལག་རྫོང་གིས་ས་གནས་ཀྱི་གློག་བརྙན《གེ་སར་ཟློས་གར》ཕབ་རྒྱུ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-25 11:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ལམ། རྒྱུས་ལོན་པ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ན་གཞོན་སྒྲིག་འཁྲབ་པས་གསར་རྩོམ་གནང་བའི་གློག་བརྙན《གེ་སར་ཟློས་གར》ཞེས་པའི་འཁྲབ་གཞུང་དངོས་སུ་ལེགས་འགྲུབ་བྱུང་བ་མ་ཟད། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ཕབ་སྐྲུན་ཆོག་མཆན་དཔང་ཡིག་ཐོབ།  འདིས་དར་ལག་རྫོང་གི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གློག་བརྙན་མི་འགྱངས་པར་ཕབ་བསྐྲུན་བྱ་རྒྱུ་ཡིན་པ་མཚོན།
     རྒྱུས་ལོན་པ་ལྟར་ན། གློག་བརྙན《གེ་སར་ཟློས་གར》ཞེས་པས་གཙོ་ཆེར་མི་སྣ་གཙོ་བོ་བཀྲ་བདེ་སློབ་ཆུང་དུ་འགྲོ་དུས་ཕ་མེས་ཀྱི་ཤུགས་རྐྱེན་ཐེབས་ཏེ། ཆུང་དུས་ནས་གེ་སར་ཟློས་གར་ལ་དགའ་ཞིང་། ཆེད་ལས་ཚོགས་པ་རུ་གེ་སར་འཁྲབ་སྟོན་བྱ་འདོད་ནའང་། ལོ་ཆུང་བ་དང་སློབ་ཆུང་ལ་འགྲོ་བཞིན་པའི་སྒང་ཡིན་ལ། ཕ་མ་གཉིས་ཀྱང་ཁོ་རང་ཟློས་གར་འཁྲབ་པར་མོས་མཐུན་མ་བྱུང་། ཐེངས་ཤིག་ཁོ་རང་རྫོང་རིག་གནས་ཅུའི་སྒྱུ་རྩལ་རུ་ཁག་ཏུ་སོང་སྟེ་སྒྱུ་རྩལ་རུ་ཁག་གི་ཡུལ་དངོས་མི་སྣ་བསྡུ་བར་མིང་ཐོ་བཀོད་ནའང་བསམ་དོན་མ་འགྲུབ། ཡིན་ཡང་འདིས་ཁོ་བོའི་ཕུགས་འདུན་ལ་བར་ཆད་ཡེ་ནས་གཏོང་ཐུབ་མེད། མཐར་ཁོ་ལ་རྫོང་རིག་གནས་ཅུའི་འགོ་གཙོས་རྒྱབ་སྐྱོར་གནང་སྟེ་ངལ་གསོའི་དུས་སུ་གེ་སར་ཟློས་གར་འཁྲབ་པར་འཐད་པ་བྱུང་།
     རྒྱུས་ལོན་པ་ལྟར་ན། དར་ལག་རྫོང་ན་གཞོན་སྒྲིག་འཁྲབ་པ་འདི་ནི་ཆུང་དུས་ནས་གེ་སར་ལོ་རྒྱུས་རིང་མོའི་བག་ཆགས་ཟབ་མོ་བཞག་ལ། དུས་རྒྱུན《གེ་སར་རྒྱལ་པོ》དང《རྟ་རྒྱུག་རྒྱལ་འཇོག》《ཧོར་གླིང་གཡུལ་འགྱེད》སོགས་བཀླགས་པས། ཐེངས་འདིར་གསར་རྩོམ་གནང་བའི《གེ་སར་ཟློས་གར》ནི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་གཞི་བཅོལ་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...