སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐབས་དང་པོའི་པྲ་མིག་བོད་ལྗོངས་གློག་བརྙན་འགྲེམ་སྟོན་སྤེལ་བ།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-27 16:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གཙོས་གྲོང་ཁྱེར་དུ་སྤེལ་བ།


པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གཙོས་གྲོང་ཁྱེར་དུ་སྤེལ་བ།


པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གཙོས་གྲོང་ཁྱེར་དུ་སྤེལ་བ།


པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གཙོས་གྲོང་ཁྱེར་དུ་སྤེལ་བ།


པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གཙོས་གྲོང་ཁྱེར་དུ་སྤེལ་བ།

    སྤྱི་ཟླ8པའི་ཚེས25ནས་ཚེས26བར། སྐབས་དང་པོའི་པྲ་མིག་བོད་ལྗོངས་གློག་བརྙན་འགྲེམ་སྟོན་དེ་བསང་ཆུ་རྫོང་བསང་ཁོག་རྩྭ་ཐང་དུ་སྤེལ་ཞིང་། ཞིང་ལྗོངས་ལྔའི་ཆེད་མཁས་པ་དང་ཤེས་ཡོན་པ། འཁྲབ་ཁྲིད་པ། འཁྲབ་སྟོན་པ། བརྙན་ལེན་པ། དེ་མིན་གློག་བརྙན་ལ་དགའ་མཁན་བཅས་ཐེངས་འདིའི་གློག་བརྙན་འགྲེམ་སྟོན་དུ་ཞུགས། ཐེངས་འདིའི་བྱ་འགུལ་ནི་པྲ་དྲ་བརྙན་རིས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་ལྷ་ལས་བབ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་ལ། ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཚོགས་མི་སྟེ་བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་བོད་རིགས་གློག་བརྙན་བརྙན་ལེན་པ་སྟེ་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ཐེངས་འདིའི་བརྙན་འགྲེམ་གྱི་བློ་འདྲི་ཡུལ་དུ་གདན་ཞུ་བྱས། ཀྲུང་གོའི་བོད་རིགས་སྐྱེས་མའི་གླུ་མ་དང་འཁྲབ་སྟོན་པ་གཡང་ཕྱུག་འཚོ་ནི་བརྙན་ཚབ་པ་ཡིན།
     ཕྱི་དྲོར། བོད་ཀྱི་གློག་བརྙན་ཞེས་པའི་འདོན་ཐེངས་དང་པོའི་ཁྱབ་སྤེལ་ཚོགས་འདུ་བསྡུས་ཤིང་།  བོད་ཀྱི་གློག་བརྙན་ཞེས་པ་འདི་ནི་བོད་རིགས་གློག་བརྙན་གྱི་དུས་དེབ་ཅིག་ཡིན་ལ། དེར་ཆེད་དོན་དང་གློག་བརྙན་མཚམས་སྦྱོར། གློག་བརྙན་དཔྱད་བརྗོད། གློག་བརྙན་རྒྱུན་ཤེས་སོགས་ལེ་ཚན་འདུས།
     དེར་མཐུད་དེ། མིང་གྲགས་འཁྲབ་སྟོན་མི་གཉིས་ཀྱི་གླེང་མོལ་ཞེས་པའི་ལེ་ཚན་ཁྲོད། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་རོལ་མོའི་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་ལྷོ་ཁུལ་རོལ་གར་མཐུན་ཚོགས་ཀྱི་འགན་འཛིན་མགོན་པོ་འཚོ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་བྲོ་གར་འཁྲབ་སྟོན་པ་དང་རྩོམ་སྒྲིག་འཁྲབ་ཁྲིད་རྟ་མགྲིན་རྡོ་རྗེ་བཅས་ཀྱིས་ཁོ་ཚོས་བརྙན་རིས་ཕབ་བསྐྲུན་ལམ་བུའི་ཉམས་མྱོང་བརྗེ་རེས་བྱས།
     དགོང་མོར། ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱི་གློག་བརྙན《དབང་གྲགས་ཀྱི་ཆུ་ལྷམ》ཞེས་པ་མགོ་རྩོམ་བརྙན་རིས་སུ་བྱས་ཏེ་འགྲེམ་གཏོང་གནང་ལ། ཉིན་གཉིས་པར། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《རྩམ་པ》། 《གཙང་བོ》། 《ཐར་ལོ》། 《ཕ་ཡུལ》། 《ཁྱི་རྒན》སོགས་འགྲེམ་གཏོང་གནང་རྗེས་ཕན་ཚུན་འབྲེལ་འདྲིས་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...