སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་སྐད་གློག་བརྙན《ང་ཡི་ཆང་གསོལ་རོགས》རྒྱལ་ནང་དུ་དུས་གཅིག་ཏུ་བསྟན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-30 9:49:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     སྤྱི་ཟླ10བའི་ཚེས26ཉིན། བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན《ང་ཡི་ཆང་གསོལ་རོགས》ཞེས་པ་ཀྲུང་གོའི་རྒྱལ་ནང་དུ་དུས་གཅིག་ཏུ་བསྟན་པ་རེད། གློག་བརྙན་འདི་ནི་ཀྲུང་གོའི་རྒྱལ་ནང་དུ་ཐེངས་དང་པོར་རྒྱལ་རོང་བོད་སྐད་ཀྱིས་གཙོར་བྱས་པའི་གློག་བརྙན་རེད།
     བོད་སྐད་གློག་བརྙན《ང་ཡི་ཆང་གསོལ་རོགས》ནི་སྐུ་ལྷ་གཞི་བདག་འདབས་སུ་འཚོ་བ་རོལ་བའི་རྒྱལ་རོང་གི་བོད་ཀྱི་ཁྱིམ་ཚང་ཞིག་ནས་འགོ་བརྩམས་པ་སྟེ། བུ་མོ་སྒྲོལ་མ་ནད་གཞི་ཧ་ཅང་ལྕི་བའི་མཚམས་ལ། ཁྱོ་ག་སྔོན་མའི་ཁ་ཆེམས་ལྟར་ལྷ་སར་གནས་མཇལ་བར་ཆས་ཤིང་། ལམ་བར་དུ་སྒྲོལ་མའི་ད་ལྟའི་ཁྱོ་ག་དང་བུ་ཆུང་ཡང་མཉམ་དུ་བསྐྱོད་པ་ལས། གསར་དུ་བསྒྲིགས་པའི་ཁྱིམ་ཚང་དེའི་མི་རེ་རེའི་སེམས་ཁམས་ཀྱི་འགྱུར་ལྡོག་གི་གཏམ་རྒྱུད་ཅིག་བརྗོད་ཡོད།
     བོད་སྐད་གློག་བརྙན《ང་ཡི་ཆང་གསོལ་རོགས》ནི་བོད་ཀྱི་གླུ་པ་གཡུང་དྲུང་རྒྱལ་དང་བོད་ཀྱི་འཁྲབ་སྟོན་པ་ཉི་མ་སྲུང་སྲུང་གཉིས་ཀྱིས་གཙོ་འཁྲབ་བྱས་ཡོད་ཅིང་། 2018ལོའི་ཟླ་6པར་ཧྲང་ཧའེ་གློག་བརྙན་དུས་ཆེན་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་བྱ་དགའ་ཆེན་པོ་དང་འཁྲབ་གཞུང་རྩོམ་པ་པོ་ཡག་ཤོས་ཀྱི་བྱ་དགའ་ཆེན་པོ་ཐོབ་མྱོང་ཞིང་། ཉེ་ཆར་སྤྱི་བསྒྲགས་བྱས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གློག་བརྙན་བྱ་དགའ་ཆེན་པོའི་མིང་ཐོ་བཏོན་པའི་ནང་ཡོད་པ་དང་། 《ང་ཡི་ཆང་གསོལ་རོགས》ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་བྱ་དགའ་ཆེན་པོའི་མིང་ཐོར་བཀོད་ཅིང་། དེ་སྔོན་གདན་ཞུས་ལྟར《ང་ཡི་ཆང་གསོལ་རོགས》ནི་ཁ་ན་ཏའི་ཝན་ཁོའུ་ཝེར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོགས་གློག་བརྙན་དུས་ཆེན་དུ་དམིགས་བསལ་འགྲེམས་སྟོན་བྱས་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...