སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དངོས་བཤུས་གློག་བརྙན་གསར་པ《ཚེ་གཟུངས་ལྷ་མོ》དྲ་ལམ་ནས་གཟིགས་འབུལ་བྱེད་བཞིན་པ།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-2 9:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ལམ། དངོས་བཤུས་གློག་བརྙན་གསར་པ《ཚེ་གཟུངས་ལྷ་མོ》དྲ་ལམ་དུ་གཟིགས་འབུལ་བྱེད་བཞིན་ཡོད། གློག་བརྙན་འདིའི་ནང་གི་གཏམ་རྒྱུད་ནི་གྲོང་ཚོ་དང་རྒྱང་ཐག་ལེ་བར40ལྷག་ཡོད་པའི་རི་འགག་ཅིག་ཏུ། མིང་ལ་ཚེ་གཟུངས་ལྷ་མོ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་གིས། ས་སྟོང་ལུང་སྟོང་གི་རི་འགག་དུ་ཁེར་རྐྱང་ངང་། མཚན་མོ་སྤྱང་ཀིའི་ཡ་ང་བའི་ངུ་ཟུག་དང་ཉིན་མོར་གྲང་རླུང་དང་ཁ་བ་བུ་ཡུག་གི་ཁྲོད་དུ། མི་རྣམས་ཀྱིས་བློ་ཡུལ་ལས་འགོང་པའི་འཚོ་བ་རོལ་བཞིན་ཡོད། ཡང་སྙིང་རང་ཡུལ་དུ་རྒྱང་ཐག་རིང་བའི་ས་སྟོང་ཞིག་དུ་ཁོ་མོས་ཅི་ལ་འདི་ལྟར་དགའ་སྐྱོ་སྡུག་གསུམ་གྱིས་འཚོ་བ་རོལ་དགོས་པ་རེད་ཟེར་ན། ཁྱོད་ནས་དངོས་བཤུས་གློག་བརྙན་འདིའི་མགོ་ནས་མཇུག་བར་ཞིབ་གཟིགས་ཀྱིས་དང་། ཁྱེད་ལ་མཁོ་བའི་འཚོ་བའི་མངར་སྐྱུར་ཁ་གསུམ་དང་། སྒྱུ་རྩལ་བསམ་བློའི་རིན་ཐང་འབའ་ཞིག་གསལ་གྱིས་རྟོགས་ཡོང་།
     དངོས་བཤུས་གློག་བརྙན་འདི་དེ་སྔོན་ཨ་རིའི་རྒྱལ་ཁབ་བཤམས་སྟོན་ཁང་དང་། ཨ་རིའི་སི་རྨེ་སོ་ཉི་ཡ་འཛམ་གླིང་དམངས་སྲོལ་བཤམས་སྟོན་ཁང་། ཁུ་ལོན་བྷི་ཡ་སློབ་ཆེན། ཝ་ཧྲིན་ཁྲུན་སློབ་ཆེན། ཝེར་ཅི་ཉི་ཡ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་སློབ་གླིང་དང་ལས་ཁུངས་སུ་རིག་གཞུང་རང་བཞིན་གྱི་འགྲེམ་གཏོང་འབྲེལ་འདྲིས་བྱེད་དུས་དགའ་བསུ་མི་དམན་པ་ཐོབ།

     ཞི་བདེ་ཉི་མ། མཚོ་སྔོན་གྱི་བོད་རིགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་ཁྲིད་པ་དང་སྙན་ངག་པ། ཚིག་རྩོམ་མཁན། གློག་བརྙན་གྱི་འཁྲབ་སྟོན་པ་བཅས་ཡིན། བརྩམས་ཆོས་གཙོ་བོ་ལ་བརྙན་འཕྲིན་ཟློས་གར《བྱུ་རུའི་སྐེ་རྒྱན》དང་མུ་འབྲེལ་བརྙན་འཕྲིན་ཟློས་གར《མོ་སྟོན་ཕག་མགོ》《རེ་སྒུག》བཅས་དང་། གློག་བརྙན《སྒྲོལ་མའི་མགུལ་རྒྱན》དང《ཁ་བ》། 《རླུང》། 《ཚེ་གཟུངས་ལྷ་མོ》། 《སྐལ་བཟང་གི་གཟའ་མཇུག》དང་། བཞད་གར《རྒྱན་གོས》དང《འཚོལ》། 《པར་ལེན》། དེ་མིན་བརྙན་འཕྲིན་དཔྱད་བརྗོད《ཀླུ་འབུམ་མི་རྒོད》དང《ཨ་ཁུ་སྟོན་པ》སོགས་བརྩམས་ཆོས100ལྷག་འདུས།
     ཁོང་གིས་སྒྲིག་འཁྲབ་དང་འཁྲབ་ཁྲིད་གནང་བའི་གློག་བརྙན་དང་བརྙན་འཕྲིན་མང་ཆེ་བར་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་དང་ཕུལ་བྱུང་དངོས་བཤུས་གློག་བརྙན་གྱི་བྱ་དགའ། ཕུལ་བྱུང་གཏམ་རྒྱུད་ཀྱི་བྱ་དགའ། ཕུལ་བྱུང་གསར་སྐྲུན་གྱི་བྱ་དགའ། ཕུལ་བྱུང་སྐྱེས་པའི་འཁྲབ་སྟོན་པའི་བྱ་དགའ་སོགས་ཐོབ།


རྩ་གཉིས་ཨང་བཤེར་འདི་མནན་ན་གློག་བརྙན་ལ་ལྟ་ཐུབ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...