སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་ཁམས་སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-13 9:20:00 རྩོམ་ཁུངས། སྡེ་དགེའི་རིག་གནས། ཀློག་གྲངས།


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག་བཟོ་རྩལ།


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག་བཟོ་རྩལ།


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག་བཟོ་རྩལ།


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག་བཟོ་རྩལ།


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག་བཟོ་རྩལ།


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག་བཟོ་རྩལ།


སྡེ་དགེའི་སྨན་ཤོད་ཀྱི་རྫ་ནག་བཟོ་རྩལ།

     རྫོང་སར་རྫ་ནག་ནི་ལོ་ངོ་བཞི་སྟོང་ལྷག་གི་ཁུངས་ཐུབ་ཀྱི་ལོ་རྒྱུས་ལྡན་པས་སྤྱི་ཚོགས་རིག་པ་དང་ལོ་རྒྱུས་རིག་པ། དཔལ་འབྱོར་རིག་པ་སོགས་ཀྱི་ཞིབ་འཇུག་རིན་ཐང་ཧ་ཅང་ཆེ་ཞིང་། བཟོ་རྩལ་དང་བཟོ་དབྱིབས་སོགས་རིམ་བཞིན་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ད་ལྟའི་བར་དུ་མཉམ་གནས་ཐུབ་ཡོད་ལ། ལྷག་པར་དུ་ཇ་ཡི་རིག་གནས་དང་འབྲེལ་བ་དམ་ཟབ་ཏུ་ཕྱིན་ཞིང་། རྒྱུ་མཚན་ཡང་བོད་ཀྱི་ཞིང་འབྲོག་མང་ཚོགས་དག་གི་ཁྲོད་དུ་གནའ་ནས་ད་བར་དུ་བསྲུབས་ཇ་དང་རྫ་ལྟིར་གཉིས་ཁ་འབྲལ་ཐབས་མེད་པ་ལྟ་བུ་བྱེད་སྲོལ་ཡོད།
     དེ་ཡང་དགེ་རྒན་བློ་གྲོས་ཕུན་ཚོགས་མཆོག་གིས་ས་གནས་རྫ་བཟོའི་ལག་རྩལ་དེ་ས་གནས་ཀྱི་རིག་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྫ་མའི་བཟོ་རྒྱུན་དེ་བཀྲ་རྣམ་སོགས་མི་རྒན་ཤ་ཁས་ཤིག་ལ་མ་གཏོགས་མེད་པ་རྟོགས་ནས་ས་གནས་དེ་གའི་ཡུལ་མི་འགའ་ལ་རྫ་བཟོ་བསླབ་པའི་སྐུལ་མ་གནང་ཞིང་། རྗེས་སུ་འཛིན་གྲྭ་དངོས་སུ་བཙུགས་པས་གྲུབ་འབྲས་ཀྱང་ཕུན་སུམ་ཚོགས་པ་ཐོན།
     དེ་ནས2018ལོར་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་ཁ་ཤས་ཤིག་གིས་ས་གནས་ཀྱི་ཐོན་ཁུངས་བེད་སྤྱོད་དེ་ས་གནས་དེ་གའི་སྔར་ཡོད་ཀྱི་རྫ་བཟོའི་རིག་གནས་རྒྱུད་འཛིན་དང་དར་སྤེལ། མེད་པ་ཁ་གསབ་དང་ནང་འདྲེན་བྱས་ཏེ་ས་གནས་རྫ་བཟོའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད་དགེ་རྒན་བཀྲ་རྣམ་ལགས་ཀྱི་སློབ་མ་དག་གི་རྩེ་གྲས་རྫ་བཟོ་བཀྲ་ཤིས་སྟོབས་རྒྱལ་དགེ་རྒན་དུ་གདན་འདྲེན་ཞུས་ཏེ་གནས་མཆོག་རྫོང་སར་རྫ་ནག་ཁང་ཞེས་པ་ཞིག་གཉེར་བཞིན་པའི་སྒང་ཡིན།
     རྫོང་སར་རྫ་ནག་གི་ཁྱད་ཆོས་སམ་རྒྱུ་ཆ་ནི་ས་སྔོན་དང་བསེས་རྡོ་གཉིས་མ་གཏོགས་གཞན་རྫས་སྦྱོར་སོགས་གང་ཡང་མ་བསྲེས་ཤིང་། གཡའ་དུག་སོགས་མེད་པ་དང་ཕོ་བར་མི་གནོད་པ་མ་ཟད། བཤད་སྲོལ་ལ་རྫོང་སར་རྫ་ཆས་ཀྱིས་ཕོ་ཁ་དང་བད་ཀན་སོགས་ལ་ཕན་ཞིང་དྲོ་བ་ཞིམ་པས་སྔོན་སྐུ་དྲག་དང་བླ་ཆེན་དཔོན་ཆེན་དག་གིས་ཧ་ཅང་མཐོང་ཆེན་བྱེད་སྲོལ་ཡོད། འཕྲོད་བསྟེན་དང་བདེ་ཐང་གཙིགས་སུ་འཛིན་པའི་དེང་སང་ཡང་ཆ་རྐྱེན་ཡོད་མཁན་དག་གིས་རྒྱུན་སྤྱོད་སྣོད་ཆས་རྫ་མ་ཁོ་ན་སྤྱོད་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...