སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གླུ་བ་མཁར་བྱམས་རྒྱལ་གྱི་དམངས་གླུའི་དགྱེས་སྟོན་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-27 9:24:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་བྱད། ཀློག་གྲངས།


ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་བསྡུས་པའི་གླུ་ངག་གི་དགྱེས་སྟོན།


མདོ་འཛིན་པ་དང་གླུ་བ་མཁར་བྱམས་རྒྱལ།

     མཁར་བྱམས་རྒྱལ་ནི་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མགོ་མང་རྩྭ་ཐང་དུ་འཚར་ལོངས་བྱུང་ཞིང་། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་དམངས་གཞས་ལེན་མཁན་ཡིན་ལ། མཚོ་སྔོན་ཞིང་ཆེན་གླུ་གར་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་གླུ་གར་མཐུན་ཚོགས་ཀྱི་ཚོགས་མི་དང་། ད་ལྟའི་བར་སྒྱུ་རྩལ་ཆེད་ལས་ཀྱི་བྱ་བ་གཉེར་ནས་ལོ25འགོར་ཞིང་། རང་ཞིང་གི་མིང་དུ་གྲགས་པའི་གླུ་བ་ཡིན། དེ་བས་ཁོང་ལ་རྒྱལ་ཁབ་རིམ་པ་ནས་གདེང་འཇོག་ཆེན་པོ་ཐོབ་མྱོང་།


དམངས་གླུ་ལེན་བཞིན་པའི་ཚུལ།


དགོང་ཚོགས་ལ་ཕེབས་པའི་སྐུ་མགྲོན་དང་ལྟད་མོ་བ་རྣམས།

     སྤྱི་ཟླ12པའི་ཚེས25ཉིན་གྱི་དགོང་མོའི་དུས་ཚོད7:00གྱི་སྟེང་། མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་གསར་སྐྲུན་གཞུང་སྒྲུབ་ཁང་དང་། མཚོ་ལྷོ་ཁུལ་ནོར་སྲིད་ཅུའུ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་དང་གིས་འགན་སྒྲུབ། མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་རོགས་སྒྲུབ་བྱས་པའི་བོད་ཀྱི་དམངས་གླུའི་དགོང་ཚོགས་སྐབས་དང་པོའམ་མཁར་བྱམས་རྒྱལ་གྱི་དམངས་གླུའི་དགྱེས་སྟོན་དེ་མཚོ་ལྷོ་ཁུལ་སྨྱན་སྦྱོར་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས།


དེ་རིང་ང་ཚོས་དགའ་བའི་སྐྱིད་གླུ་ལེན།


ང་ཚོ་ཚང་མ་གླུ་ངག་མགྲིན་གཅིག་ཡིན།


གླུ་སྐད་སྙན་མོས་ཁྱེད་ཀྱི་ཡིད་སེམས་གསོ།

     དགོང་ཚོགས་སྟེང་འབྲེལ་ཡོད་མགོ་ཁྲིད་དང་ཁོང་གི་ཡུལ་མི་སྤུན་ཟླ་སོགས་ལྷན་ཅིག་ཏུ་འདུས་ཡོད་པར་མ་ཟད། ལྷག་པར་དུ་ལྷ་ས་དང་སི་ཁྲོན། ཀན་སུའུ་སོགས་ཀྱི་གླུ་བ་གླུ་མ་གྲགས་ཅན་སྐོར་ཞིག་ཀྱང་ཆེད་དུ་གདན་ཞུ་གནང་ནས་དགོང་ཚོགས་ལ་སྔར་ལས་ལྷག་པར་གསོན་ཉམས་ལྡན་པ་རེད། 
     མཁར་བྱམས་རྒྱལ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་ལྷོ་བརྙན་འཕྲིན་ཁང་སོགས་ཀྱི་བརྙན་ལེན་དང་སྒྲ་ཕབ་བཅས་ལ་ཐེངས་མང་ཞུགས་ཤིང་། དམངས་གླུའི་ཆེད་སྒྲིག་སྒྲ་ཐག11འགྲེམ་སྤེལ་བྱས་ཡོད་པར་མ་ཟད། དམངས་ཁྲོད་ཀྱི་འགྲན་བསྡུར་རབ་དང་རིམ་པར་ཞུགས་མྱོང་།


དྲི་མེད་ཁ་བཏགས་དཀར་པོ་ཁྱེད་ཀྱི་མགུལ་དུ་སྒྲོན།


མཇུག་སྒྲིལ་བ།

     ད་ལོ་ཡང་གླུ་བ་མཁར་བྱམས་རྒྱལ་ལགས་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མི་དོ་དམ་ལྟེ་གནས་ཀྱིས་འཕྲིན་བཟང་བསྒྲགས་པ་ལྟར། རང་ཁུལ་གྱི་མི་རིགས་གླུ་གར་ཚོགས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་བོད་ཀྱི་གླུ་བ་མཁར་བྱམས་རྒྱལ་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མིའི་ཁྲོད་དུ་ཚུད་པ་མ་ཟད། འདི་ནི་རང་ཞིང་གི2018ལོར་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མིའི་མཛོད་དུ་ཚུད་པའི་རང་ཁུལ་གྱི་སྒྱུ་རྩལ་པ་ཐོག་མའང་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...