སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་གི་བོད་ཁང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-16 9:46:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གི་མཁར་རྙིང་ནི་གནའ་ནས་སྐད་གྲགས་ཆེ། རོང་བྲག་བརྒྱ་གཅིག་གྲོང་ཚོའི་བོད་ཁང་དུ་བསྐྱོད་དུས། གསར་འགོད་པས་ཡུལ་དེའི་མི་རྣམས་ཀྱིས་སྡོད་ཁང་བསྐྲུན་པའི་ཤེས་རབ་ནི་ཐད་ཀར་གནའ་བོའི་མཁར་རྙིང་གི་བཟོ་བཀོད་ལས་བཙལ་ཡོད་པ་ཤེས།
     རོང་བྲག་རྫོང་ནི་རི་མཐོའི་གྲོང་རོང་ས་ཁུལ་ལ་གཏོགས་ཤིང་། གནས་འདིར་མི་ཉུང་ཙམ་ཆུ་རག་འགྲམ་ངོགས་སུ་གནས་སྡོད་བྱས་ཡོད་པ་ཕུད། མང་ཤོས་ནི་རི་ཁུལ་དུ་གནས་སྡོད་བྱས་ཡོད། སྡོད་ཁང་ནི་རི་ལ་བརྟེན་ནས་བསྐྲུན་ཞིང་གྲལ་འགྲིག་པོ་སྒྲིག་ཡོད་པས། མཛེས་སྡུག་ལྡན་པའི་བོད་སྡེའི་རྣམ་པ་གྲུབ་འདུག
     རོང་བྲག་བོད་སྡེ་ལ“བོད་ཁུལ་གྱི་བྱིས་སྒྲུང་གི་འཇིག་རྟེན”དང“མཛེས་མའི་ལུང་པ”སོགས་མཚན་སྙན་མང་པོ་ཡོད་ཅིང་། དེ་ལ་ཐུན་མོང་མ་ཡིན་པའི་བོད་ལུགས་ཐོག་ཁང་ཡོད། རྡོ་ལེབ་ཀྱིས་བཟོས་པའི་གནའ་མཁར་གྱིས་ལོ་ངོ་ཁྲི་ཕྲག་ལ་བརྟན་པས། སྡོད་དམངས་ཀྱི་ཁང་པའི་རྒྱུ་ཆ་གཙོ་བོའང་དེ་གྱུར་ཡོད། ཐོག་ཁང་ཕྱིའི་གྱང་ངོས་སུ་སྔར་བཞིན་གནའ་བོའི་ཁྱད་ཆོས་ཀྱིས་ཕྱུག་ཡོད་ཀྱང་། ཁང་པའི་ནང་དུ་ཁོད་ཡངས་ལ་གསལ་ཆ་ལྡན་པས་དྲོད་སྐྱིད་ཀྱིས་ཁེངས་འདུག  ཐོག་ཁང་རེའི་ནང་ཁྱིམ་ཚང་རེ་སྡོད་ཡོད་ཅིང་། སྤྱིར་བཏང་ཁ་ལྷོ་ལ་ཕྱོགས་པ་དང་། རྒྱབ་ཏུ་རི་དང་མདུན་དུ་ཆུ་ཡོད་ལ། སའི་ཟིན་ཚད་སྨི་གྲུ་བཞི་མ་150-200བར་དང་། མཐོ་ཚད་ལ་སྨི་15ཡས་མས་ཡོད། ཁང་པ་ཕལ་ཆེར་རྡོ་དང་ཤིང་ཆ་ལས་གྲུབ་པ་དང་། རྒྱ་རོང་སྡོད་ཁང་གི་གཞི་རྩའི་ཁྱད་ཆོས་ཉར་ཚགས་བྱས་འདུག
     རོང་བྲག་གི་སྡོད་དམངས་ཀྱི་ཁང་པ་ནི་སྤྱིར་བཏང་དུ་ཐོག་བརྩེགས་གསུམ་ནས་ལྔ་ཅན་ཡིན་ཞིང་། མཆོད་ཁང་གི་ཁང་སྟེང་དང་ཉི་འཁྱམས་ཀྱི་ཕྱོགས་བཞི་རུ་རྡོ་དཀར་པོ་བཙུགས་ནས་ཟླ་གམ་དབྱིབས་ལྟ་བུར་གྱུར་ཡོད། ཁང་སྟེང་དུ་ད་དུང་དར་ལྕོག་འཛུགས་སའི་བུ་གུ་ཆུང་ཆུང་ཡང་བཟོས་ཡོད་ལ། ཉི་འཁྱམས་ཀྱི་གྱང་ངོས་སུ་བསང་ཕོར་བཞག་ཡོད།
     ཐོག་ཁང་གི་ཉིས་ཐོག་ནི་ཁང་པ་བཞི་བསྐོར་ཅན་ཡིན་པ་ཕུད། ཉིས་ཐོག་ཡན་ནི་སྣེ་གཉིས་སམLཡི་གཟུགས་སུ་གྲུབ་ཅིང་། ཤིང་ཆ་དང་བད་ཀ་ལ་ཚོན་དམར་པོ་བྱུགས་ཡོད་པ་དང་། གྱང་ངོས་སུ་སའི་མདོག་གིས་རྨང་གཞི་བྱས་ཤིང་། ཐོག་བརྩེགས་གཉིས་པའི་ཡན་གྱི་གྱང་ངོས་ལ་ས་དཀར་རམ་གྱང་མདོག་སྣོལ་མར་བྱུགས་ཡོད། གྱང་ངོས་ཡོངས་ལ་མདོག་དཀར་པོ་བྱུགས་པའང་ཡོད། སྤྱིའི་ཆ་ནས་ཁང་པས་མི་ལ་སྐྱིད་སྣང་དང་མཛེས་ཉམས་ལྡན་པ། བརྗིད་ཆགས་པའི་ཚོར་བ་ཞིག་སྤྲོད་ཡོང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...