སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྱིམ་འདིའི་ཁྱིམ་སོགས་ཅི་ཁེད།
རྩོམ་པ་པོ། མཚོ་སྔོན་པོ་དྲ་བ། རྩོམ་སྒྲིག་པ། Lhamo དུས་ཚོད། 2013-9-15 11:50:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

༡ ཁྱིམ་འདིའི་ཁྱིམ་གཅིག་ཅི་ཁེད།
༢ ཁྱིམ་འདིའི་ཁྱིམ་གཉིས་ཅི་ཁེད།
༣ ཁྱིམ་འདིའི་ཁྱིམ་གསུམ་ཅི་ཁེད།
༤ ཁྱིམ་འདིའི་ཁྱིམ་བཞི་ཅི་ཁེད།
༥ ཁྱིམ་འདིའི་ཁྱིམ་ལྔ་ཅི་ཁེད།
༦ ཁྱིམ་འདིའི་ཁྱིམ་དྲུག་ཅི་ཁེད།
༧ ཁྱིམ་འདིའི་ཁྱིམ་བདུན་ཅི་ཁེད།
༨ ཁྱིམ་འདིའི་ཁྱིམ་བརྒྱད་ཅི་ཁེད།
༩ ཁྱིམ་འདིའི་ཁྱིམ་དགུ་ཅི་ཁེད།
༡༠ ཁྱིམ་འདིའི་ཁྱིམ་བཅུ་ཅི་ཁེད།
༡༡ ཁྱིམ་འདིའི་ཁྱིམ་བཅུ་གཅིག་ཅི་ཁེད།
༡༢ ཁྱིམ་འདིའི་ཁྱིམ་བཅུ་གཉིས་ཅི་ཁེད།
༡༣ ཁྱིམ་འདིའི་ཁྱིམ་བཅུ་གསུམ་ཅི་ཁེད།
༡༤ ཁྱིམ་འདིའི་ཁྱིམ་བཅུ་བཞི་ཅི་ཁེད།
༡༥ ཁྱིམ་འདིའི་ཁྱིམ་བཅོ་ལྔ་ཅི་ཁེད།

ཁེད་ལན།
༡ (བསེ་རུ་རྭ་གཅིག)
༢ (ར་མ་ནུ་གཉིས)
༣ (བ་རྡོ་སྤུན་གསུམ)
༤ (མཛོ་མོ་ནུ་བཞི)
༥ (མཛོ་མོ་སྤུན་ལྔ)
༦ (སྐར་མ་སྨིན་དྲུག)
༧ (སྐར་མ་སྨེ་བདུན)
༨ (ཤྭ་བོ་རྭ་བརྒྱད)
༩ (འདྲེ་མོ་མགོ་དགུ)
༡༠ (ཁྱི་ཕག་ནུ་བཅུ)
༡༡ (རྟའི་སོ་བཅུ་གཅིག)
༡༢ (ལོ་འཁོར་ཟླ་བ་བཅུ་གཉིས)
༡༣ (ལབ་ཙེ་མ་བུ་བཅུ་གསུམ)
༡༤ (བྱ་ཕོའི་སྒོང་ང་བཅུ་བཞི)
༡༥ (བཅོ་ལྔའི་ལྷ་ཟླ་དཀར་པོ)


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...