སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བར་བྱོལ་གྱི་གླུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-30 15:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
བར་བྱོལ་གྱི་གླུ།
     བར་བྱོལ་བའི་གླུ་ནི་ཕན་ཚུན་གཉིས་ཀ་མཚང་བྲུས་བའམ་སྐྱོན་བརྗོད་མང་དྲགས་ན་གཟུ་བོར་གནས་པའི་ཉན་མཁན་ནི་བར་མཚམས་སུ་ལངས་ནས་བར་འབྱེད་དང་འདུམ་བྱེད་པའི་ལེན་ཐབས་ཤིག་ཡིན།  དཔེར་ན།
ཕོས།
རྫ་རོག་པོ་སུ་རུའི་གདོང་ཟུར་ན། །
འབྲོང་དར་མས་རྭ་རྩེ་བྲག་ལ་བརྡར། །
སྦྲ་མཐིང་སྨུག་འབྲོག་པའི་ལྷས་དཀྱིལ་ན། །
མཛོ་ཁྱུང་དཀར་སུག་བཞི་སྤང་ལ་རྡེབ། །
ང་འབྲོང་ཕྲུག་ལངས་ལ་བར་ཞིག་འབྱོལ། །
ཁྲོམ་པའི་གྲལ་གྱི་གྲལ་མགོ་ན། །
ཕ་ཨ་ཁུས་སྲིད་པའི་ཆགས་རིམ་བཤད། །
མ་སྲུ་མོས་འབྲུག་མོའི་དྲུག་འགྱུར་ལེན། །
ང་གླུ་བ་ལངས་ལ་བར་ཞིག་འབྱོལ། །
མོས།
སྤང་ཨ་ལོང་འདྲ་བའི་གཞི་དཀྱིལ་ན། །
རྐྱང་མ་བུ་སྟོང་དང་ལྔ་བརྒྱ་འཚོགས། །
སྐྱིད་ཇ་ཆང་རྩེ་སྒོ་ཤགས་ལ་འགྲན། །
མགོ་ལ་ཐོད་ཅན་གྱི་ཁོ་བཟང་ཟེར། །
རྒྱབ་དུང་ར་ཅན་གྱི་མོ་བཟང་ཟེར། །
ཕྱི་ཁྲོམ་པའི་གྲལ་ན་འདྲ་འདྲ་རེད། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...