སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅། །ཨ་མཆོད་ལགས་ཀྱི་ཁ་ལ་གཞུས་དང༌།
རྩོམ་པ་པོ། འབྲི་སྨྱོན་གྱིས་བསྡུས། རྩོམ་སྒྲིག་པ། admin དུས་ཚོད། 2008-8-4 9:50:41 རྩོམ་ཁུངས། སྤང་རྒྱན་མེ་ཏོག ཀློག་གྲངས།
  སྔོན་ཁྱིམ་ཞིག་ཏུ་ཨ་མཆོད་རྒྱ་བོ་ཞིག་གདན་དྲངས་ནས་ཆོས་འདོན་བཅུག དེའི་ནུབ་མོར་ཁྱིམ་འདིའི་ཁྱིམ་བདག་བཟའ་འཚོ་གཉིས་པོ་མཉམ་དུ་ཉལ་ནས་བཞུ་མར་ངོགས་བཟའ་མོས། ངའི་འདི་ཅི་དང་འདྲ་བར་འདུག་ཅེས་དྲིས་པར། ཁྱོ་ཀས་ཁྱོད་ཀྱི་དེ་ཨ་མཆོད་རྒྱ་བོའི་ཁ་དང་འདྲ། ངའི་འདི་ཅི་དང་འདྲ་ཟེར་བར། བཟའ་མོས། ཁྱོད་ཀྱིས་དེ་བླ་བྲང་རྙིང་པའི་གན་ཇི་ར་དང་འདྲ། ཨ་མཆོད་རྒྱ་བོའི་ཁ་ལ་བླ་བྲང་རྙིང་པའི་གན་ཇི་རས་གཞུས་དང་ཟེར་ནས་འདོད་པའི་རོ་ལ་དགའ་མགུར་སྤྱོད་པ་ཨ་མཆོད་ཀྱིས་ཐོས་པར་གྱུར། ཕྱིས་ཉིན་ཞོགས་པ་ཨ་མཆོད་ཀྱིས་ཁ་བཀབ་ནས་བསྡད། བཟའ་མོས་གསོལ་ཇ་ཡང་ཡང་བཏེགས་ཀྱང་ཁ་བཀབ་ནས་མ་འཐུང་བས། མོས་ད་ནང་ཨ་མཆོད་ཀྱི་ཞལ་ལ་མ་བདེ་བ་ཅི་ཞིག་གནང་སོང་ཟེར་བ་ན། ཨ་མཆོད་ཀྱིས་མདང་དགོང་མཚན་གང་བླ་བྲང་རྙིང་པའི་གན་ཇི་རས་ངའི་ཁ་ལ་གཞུས་བྱུང་བས་ཁ་སྨས་ནས་ཇ་འཐུང་ས་མི་འདུག་ཟེར་བས། མོའི་ངོ་གདོང་དམར་པོར་གྱུར་སོང་ངོ༌།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...