༄༅།། 《ལང་ཚོའི་རྦབ་ཆུ》ལས་འཕྲོས་པའི་གཏམ་རེ་གཉིས།
རྩོམ་པ་པོ། ཨ་བུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2008-7-31 15:25:03 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
     དོན་གྲུབ་རྒྱལ་གྱི་བརྩམས་ཆོས་དག་ལསལང་ཚོའི་རྦབ་ཆུའིཤུགས་རྐྱེན་ནི་གཞན་གང་ལས་ཀྱང་ཆེ་བར་མངོན་ཏེ།སྤྱི་ལོ1983 ལོརསྦྲང་ཆརདུ་སྤེལ་བ་ནས་བཟུང་སྟེ།རང་མོས་མ་མོས”①ཟེར་བ་འདི་མི་མཁོ་བར་སྨྲ་བ་དང་།དེ་ཉིད་གོ་དཀའ་བར་འདོད་པ། ཡང་ནལང་ཚོའི་རྦབ་ཆུའདིར་ལྷུག་སྐྱོན་ཆེ་ཞིང་ཁ་གཡང་ཙམ་དུ་ཟད་དེ་གྱེར་འདོན་སྙན་ངག་ཡིན་ཞེས་དམིགས་བསལ་གྱི་གུ་ཡངས་འདྲ་འང་སྟེར་མཁན་ཡོད།སྤྱིར་སྙན་ངག་འགྲུབ་པའི་ཐོག་མཐའ་བར་གསུམ་དུ་ཕྱིའི་ངག་ནས་ཡིན་ན་ཆོག ནང་སེམས་ནས་ཡིན་ན་ཆོག གང་ལྟར་གྱེར་འདོན་མ་བྱས་ན་ཡི་གེའི་གཟུགས་རིས་ཙམ་གྱིས་སྙན་ངག་ཏུ་མི་འགྲོ་ཕྱིར།ལྟ་ཚུལ་དེ་ཙམ་གྱིས་སྙན་རྩོམ་འདི་རོལ་མྱོང་བྱེད་པར་ཕན་ཅི་ཡང་མི་ཐོགས་སྙམ།ཡང་ལ་ཤས་ཀྱིས།སྙན་རྩོམ་འདི་བོད་ནང་དུ་གྲགས་ཆེ་ཡང་།གཞནསྔོན་ཐོན་པསབལྟས་ན་དེ་འདྲ་ཙམ་དུ་ཟད་དོ་ཞེས་བསྒྱུར་མཁན་རེ་གཉིས་ཀྱི་གཏམ་མཆོག་ཏུ་སེམས་པ་འདི་དག་ནིལང་ཚོའི་རྦབ་ཆུའིཤུགས་ཀྱི་དོན་སྙིང་མ་གོ་བ་ཡིན་ལ།ཁ་གསལ་བར་བཤད་ན་བོད་པའི་སྐྱིད་སྡུག་ཉམས་སུ་མ་མྱངས་པའི་སྐྱོན་རེད་སྙམ་མོ།།ཡིན་ནའང་།འདིར་གནད་དོན་ཞིག་འབྱུང་བ་ནིལང་ཚོའི་རྦབ་ཆུལ་ཅི་ལྟར་རོལ་མྱོང་བ་རྒྱུ་ཞེས་པ་དེ་ཡིན།ཟེར་སྲོལ་ལ།གནའ་བོའི་ཀེ་རེ་སིའི་ཡ་ལི་སི་ཏོ་ཏི་ནས་བཟུང་སྟེ་སྙན་ངག་ལ་མཚན་ཉིད་ཉིས་སྟོང་ལྷག་ཡོད་ཅེས་པར་བསམས་ན་སུས་ཀྱང་ཁ་ཚོན་གཅོད་དཀའ་བ་ཞིག་དང་ཡང་ན་སུས་ཀྱང་མཚན་ཉིད་དེ་དག་གཞིར་འཛིན་པའམ་རང་རང་གི་བློ་སྦྱོང་ལ་བརྟེན་ནས་རོལ་མྱོང་དང་ལྟ་ཀློག་གི་རིན་ཐང་སྔོག་འདོན་བྱེད་ཆོག་པའི་དབང་ཆ་ཡོད་པ་འདྲ།དེ་བས་སྐབས་འདིར་ཁོ་བོས་ཀྱང་སྙན་ངག་ཏུ་རུང་བ་སྙན་ངག་གི་མཚན་ཉིད་ཅེས་མི་བརྗོད་ཐབས་མེད་དུ་གྱུར་ལ།ལྟ་ཚུལ་དེས་སྔོན་འགྲོ་བྱས་ཏེལང་ཚོའི་རྦབ་ཆུལས་འཕྲོས་པའི་གཏམ་རེ་གཉིས་བརྗོད་པར་བྱའོ།།  ཁོ་བོས་བལྟས་ན།སྙན་རྩོམ་འདིའི་རིན་ཐང་སྙན་རྩོམ་རང་སྟེང་དུ་མེད་པར་དེ་ལས་བརྒལ་འདུག་པ་ཞིག་སྟེ།འབག་བཟོ་འདམ་ལས་གྲུབ་རུང་འདམ་ལ་མི་ལྟ་བའི་དཔེ་བཞིན།དེ་ནི་ལྟ་གྲུབ་ཀྱི་རྒྱ་ལས་བརྒལ་བའི་རང་གཤིས་ཀྱི་བཅིངས་འགྲོལ་ཐེངས་གཅིག་རེད་ཅེས་པའམ།ཡང་ན་ཕྱིའི་རྣམ་པ་ལས་བརྩམས་ཏེ་ཤུགས་སུ་གབ་ཅིང་སྦས་པའི་འགྱུར་མེད་རྟག་བརྟན་གྱི་སྒྲིག་སྲོལ་གང་ཞིག་ལ་འཕངས་པའི་གཏོར་བརླག་གི་མདའ་མོ་ཞིག་སྟེ།རྩོམ་པ་པོའི་བརྩམས་ཆོས་ཀྱིས་དུས་རབས་དེའི་སྤྱི་ཚོགས་ལ་མཁོ་བའི་སྙིང་སྟོབས་ཤིག་གི་དགོས་མཁོ་བསྐངས་པ་ཡིན་ན།རྩོམ་པ་པོས་ཤེས་མ་ཤེས་རུང་།ཁོང་གི་བརྩམས་ཆོས་དེ་ཁོང་རང་ཉིད་ལ་མཚོན་ན་སྐུ་ཉིད་ཀྱི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་མངོན་འདུག་ཅེས་པ་བཞིན།སྙན་རྩོམ་འདིའི་དགེ་མཚན་མ་ལུས་ཀྱང་རྒྱུ་མཚན་དེ་ལྟ་བུ་ཞིག་གི་སྟེང་ནས་འཇོག་པར་ཁོ་བོ་འཐད་པ་ཡིན།རྒྱ་ནག་པ་ཧུའུ་ཧྲི་ལགས་ཀྱིས་སྤྱི་ལོ༡༩༡༩ལོར་བརྩམས་པའིསྙན་ངག་གསར་བཞེས་པའི་རྩོམ་ཡིག་དེའི་ཁ་བྱང་ཆུང་རུང་།འདི་ནི་ལོ་ངོ་བརྒྱད་ཀྱི་རིང་ལ་བྱུང་བའི་དོན་དག་གལ་ཆེན་ཞིག་རེད་ཅེས་པ་ནང་བཞིན།ལང་ཚོའི་རྦབ་ཆུ་སྤེལ་བ་དང་དེའི་ཤུགས་རྐྱེན་ནི་དེང་རབས་བོད་ཡིག་སྙན་ངག་བྱུང་འཕེལ་གྱི་ལོ་རྒྱུས་ཐོག་ཆེས་གལ་ཆེ་བའི་དོན་དག་ཅིག་རེད་ཅེས་བརྗོད་ཀྱང་འགལ་བ་མེད་སྙམ།  སྙན་རྩོམ་འདིའི་ཡིད་ཡུལ་དཔེ་དང་ཆ་འདྲ་ས་ཡོད་པའི་ཆ་ནསརྦབ་ཆུཞེས་པ་དྲངས་ཏེ་ཀློག་པ་པོར་གསར་བ་གསར་རྐྱང་གི་སྣང་བ་སྟེར།སྤྱིར་བཤད་ན།ལོ་རབས་བརྒྱད་ཅུའི་ཚུན་གྱི་སྙན་རྩོམ་དུལྕི་བདངརྔ་མོང”“རླབས་རྒྱུནདངབྲག་རྡོསོགས་ཡིད་ཡུལ་གསར་བ་སྔོག་འདོན་དང་ནང་འདྲེན་བྱས་པ་ནི་ཁྱད་ཆོས་ཉག་གཅིག་ཡིན་ལ།དེས་སྔར་ཡོད་ཀྱིཟླ་བདངགླང་ཆེནསོགས་ལ་ཅོ་འདྲི་བའི་ཉམས་སྣང་སྩལ་བ་ལས་གཞན་ཡང་ང་ཚོའི་སྔར་གོམས་ཀྱི་མཛེས་དཔྱོད་ཉམས་མྱོང་ལ་ཕོག་ཐུག་བཟོས་འདུག་པ་གོར་མ་ཆགའདི་ནི་གནས་སྐབས་ཀྱི་གླེང་ཕྱོགས་ཙམ་ལས་ཞིབ་པར་གཞན་དུ་འཆད་དགོས་འདུགསྙན་རྩོམ་གཅིག་ལ་ཚིག་དང་དོན་གྱི་ཆ་ནས་རིམ་པ་བཞིན་གོང་ནས་གོང་དུ་ཀློག་འདོན་དང་རོལ་མྱོང་བྱེད་ཆོག་པའི་ཐབས་ཤིག་ཡོད་པ་བཞིན།འདིརལང་ཚོའི་རྦབ་ཆུཞེས་པའི་སྙན་རྩོམ་ལའང་ཐབས་དེ་འདྲ་བེད་སྤྱད་དེ་རོལ་མྱོང་བ་ཆོགདང་པོ་ནི་རྣམ་པའི་ཐད་ཀྱི་བཅིངས་འགྲོལ་ཡིན།

  • སེ་ར་ཕུར་མཇལ་ཞེས་པའི་སྲོལ་རྒྱུན་དུས་ཆེན།
  • བོད་ཆཱང་བར་གྱི་འབྲེལ་བ་མདོར་ཙམ་བརྗོད་པ།
  • དྲ་བའི་སྐར་ཆེན་ཞེས་པའི་མཚན་སྙན་ཐོབ་པའི་མི་སྣ་གསུམ།
  • རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ།
  • སྐབས་དང་པོའི་གཙང་གི་དངོས་ཟོག་བརྗེ་རེས་ཚོང་ཚོགས།
  • སོག་རྫོང་བཙན་སྡེ་དགོན་མཚམས་སྦྱོར་མདོར་བསྡུས།
  • སྦྲང་ཆར་རྩོམ་རིག་བྱ་དགའ་དངོས་སུ་གསལ་བསྒྲགས་བྱས་པ།
  • བོན་གྲྭ་རིན་སྤུངས་ཚུལ་བསྟན་ལ་བཅར་འདྲི།
  • གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་ཨུ་ཡོན་ལྷན་ཚོགས།
  • བར་དོ་ཐོས་གྲོལ་གསུངས་བ། དགོང་ཞག་ཞེ་དགུ
  • ཨེ་ཙི་འགོས་ནད་སྔོན་འགོག་སྐོར་གྱི་བྱེད་སྒོ་སྤེལ་བ།
  • ནུབ་བྱང་མི་རིགས་སློབ་ཆེན་གྱི་བརྒྱུད་འཚོ་ཞེས་པའི་བགྲོ་གླེང་།
  • ཁྲི་ཀ་བཅའ་སྡོད་སློབ་གྲྭས་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱ་འགུལ།
  • ནུབ་བྱང་སློབ་ཆེན་ཡུའུ་ཀྲུང་སློབ་ཁུལ་དུ་འཆད་ཁྲིད་བྱ་འགུལ་སྤེལ།
  • 2011ལོར་པར་སྐྲུན་གནང་བའི་སྒྲུང་དཔེ་མེས་པོ་ར་རྫོང་།
  • ནུབ་བྱང་མི་རིགས་སློབ་ཆེན་བུ་མོ་སློབ་ཆེན་པའི་ནུས་སྦྱོང་བྱེད་པ།
  • སེ་ར་ཕུར་མཇལ་ཞེས་པའི་སྲོལ་རྒྱུན་དུས་ཆེན།
  • རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ།
  • སོག་རྫོང་བཙན་སྡེ་དགོན་མཚམས་སྦྱོར་མདོར་བསྡུས།
  • ཨེ་ཙི་འགོས་ནད་སྔོན་འགོག་སྐོར་གྱི་བྱེད་སྒོ་སྤེལ་བ།
  • 2011ལོར་པར་སྐྲུན་གནང་བའི་སྒྲུང་དཔེ་མེས་པོ་ར་རྫོང་།
  • དེང་རབས་བོད་རིགས་བུད་མེད་ཀྱི་དཔེ་ཚོགས་ཐོག་མ་པར་དུ་བསྐྲུན།
  • ཁྲི་ཀ་བཅའ་སྡོད་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྱིམ་བདག་ཚོགས་འདུ།
  • ཧེ་ལུན•ཁའེ་ལིའི་བརྩམས་ཆོས་ཤིག་ལ་དཔྱད་པ།
  • ཚེ་རིང་ཐར།
  • རླུང་རྟའི་ཁྱད་ཆོས་སྐོར་ལ་དཔྱད་པ།
  • བོད་ཁུལ་གྱི་སྲིད་འཛིན་དང་གདོད་མའི་སྡེ་མིང་ལོ་ཙཱ་བྱས་ཚར།
  • ཨོ་ཐོག་ཎ་ལེནྡྲ་ཐེག་ཆེན་ཆོས་གླིང་།
  • བཟོ་རྩལ་ཁྱད་དུ་འཕགས་པའི་བོད་ལུགས་ས་གདན།
  • རྡོ་སྦིས་དགེ་བཤེས།
  • སེམས་ཀྱི་ཉི་ཟླ་ཡུལ་གྱི་རིག་གནས་སྲུང་སྐྱོབ་བྱེད་མཁན་གྱི་སྐྱེས་མཆོག
  • ཕྱུགས་སྨན་གྱི་རྩ་བའི་ཤེས་བྱ་ཞེས་པའི་དཔེ་དེབ།
  • ༄༅།།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།
  • བོད་རིགས་ཀྱི་གནའ་བོའི་གླུ་གཞས།
  • སྲས་མོའི་ལོག་ཕེབས།༼༡༽ ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་ཞིང་ཤིས་ཚིག་བསྩལ།
  • ཚེ་རིང་ནོར་བུ་ལགས་ལ་ཐེངས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཆོས་གྲོགས་དྲྭ་བས་བཅར་འདྲི་བྱས་པ།
  • བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • བོད་ཀྱི་དབང་མཛད་བཅུའི་སྐབས་ཀྱི་ཤེས་རིག
  • བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས།
  • ༄༅།།《གུང་ཧོའི་སྲིད་དོན》བོད་ཡིག་གི་པར་གཞི་དང་པོ་སྒྲིག་སྒྱུར་བྱས་ནས་དངོས་སུ་འགྲེམ་སྤེལ་བྱས་པ།
  • བསང་ཡིག་དགེ་མཚན་པདྨོ་བཞད་པའི་ཉི་མ།
  • ༄༅ །།མཚོ་ལྷོའི་རོང་ཁུལ་བུད་མེད་ཀྱི་རྒྱན་ཆ།
  • ༄༅། ། ལེའུ་དང་པོ། སྤྱིའི་རྩ་འཛིན།
  • བོད་ཀྱི་གླུ་བ་གླུ་མ་ཚོའི་ལྷན་གཞས་ཆེད་བསྒྲིགས་གསར་བ།
  • སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས།
  • བོད་དུ་གསུང་རབ་ཐོག་མར་དར་ཚུལ།
  • ༄༅།། 《ལང་ཚོའི་རྦབ་ཆུ》ལས་འཕྲོས་པའི་གཏམ་རེ་གཉིས།
  • ༄༅ །།དམར་པོའི་ཞིང་ཁམས།