མུན་འཇོམས་སྒྲོན་མའི་སྙན་ངག《སློབ་དཔོན་དམ་པའི་མཛད་རྣམ་དྲན་པ》།
རྩོམ་པ་པོ། མུན་འཇོམས་སྒྲོན་མེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2012-1-4 16:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

                     གངས་རིའི་མེ་ཏོག་ཚོམ་བུར་བཀྲམ་པའི་གྲྭ་གཅིག་མདོ་ཁམས་གཡར་མོའི་ཆར།།
                     རྗེས་བརྩེ་འཛུམ་དཀར་རླབས་ཀྱིས་བཞེངས་པའི་བདག་རིགས་མེས་པོ་ཟླ་བའི་སྤུན།།
                     བཤད་སྒྲུབ་གནང་བའི་རླབས་ཀྱིས་སྤེལ་བའི་རིག་ཚུལ་རྒྱ་མཚོ་བསྐྱིལ་བའི་དཔལ།།
                     ཆེ་བའི་ཆེ་བ་མངོན་པར་བརྗིད་པའི་རྣམ་ཐར་འགྲོ་བའི་སྙིང་ན་ལྕི།།
                     སྙན་པ་སྟོང་གསུམ་ཡུལ་ལ་བསྲེས་པའི་བྱང་རྒྱུད་དགའ་བ་བརྒྱ་ལྡན་དུ།།
                     ཚངས་སྤྱོད་གཞོན་ནུའི་གོས་ཀྱིས་མཛེས་པའི་ཆོས་འཚོལ་མཁས་པའི་ལམ་ལ་ཞུགས།།
                     ཐོས་བསམ་སྒྲོན་མེའི་འོད་ལ་འཐུངས་པས་ཀུན་རྨོངས་དངུལ་ཆུས་ལྕགས་བཞིན་ཟོས།།
                     ཟབ་རྒྱས་རིག་བྱེད་གཏེར་དུ་འཁྱིལ་བ་ཀུན་རིག་རལ་བའི་རྒྱན་དུ་ལྷམ།།
                     ཐབས་ཤེས་ཟླ་ཉིའི་སྣང་བ་སྤྲོ་བའི་ཐུགས་གསང་ཆོས་དབྱིངས་མཁའ་ལས་བརྒལ།།
                     རྒྱུན་བཟང་གདམས་པ་ཟུངས་སུ་ཉལ་བའི་མན་ངག་ཆུ་བོའི་མཛོད་དུ་དཀྲིགས།།
                     ཉམ་ཆུང་རྨོངས་པའི་རུམ་ལ་དབང་རྣམས་བྱམས་བརྩེ་སྙིམ་པའི་མངལ་དུ་སྦྲུམ།།
                     ཀུན་མཁྱེན་ཐར་བའི་རྐང་སྟེགས་འཛུགས་ལ་རྒྱལ་སྲས་དཔའ་བོའི་ཚུལ་ལས་འདས།།
                     འཆད་པས་སྐལ་བཟང་དྲི་མ་སྦྱོང་བའི་ལེགས་བཤད་སྙན་དགུའི་རླབས་ཀྱིས་བྱོ།།
                     རྩོད་པ་མཁྱེན་རབ་དར་བའི་གདེངས་པ་རྨོངས་ཆེན་དཔུང་བའི་གཤེད་དུ་གཡོ།།
                     ལྗགས་རྩོམ་ཆོ་གའི་འགྱུར་བ་རེར་ཡང་དགེ་དབང་ངག་རིག་དཔལ་ལས་འགོངས།།
                     གཙུག་ལག་རིན་ཆེན་ཆར་དུ་འཇོ་བའི་རིག་བྱེད་བང་བའི་རྣམ་ཐར་ངོམ།།
                     ཞལ་དབུགས་གསུང་གླེང་ཕྲ་མོའི་ཆར་ཡང་ཚུལ་གསུམ་ཚད་མའི་རྣོ་ཁ་འབར།།
                     མན་ངག་རྣ་བར་བྱོ་བའི་སྙིང་ལ་ཆོས་ཕུང་གཏེར་གྱི་རྒྱ་གྲོལ་བས།།
                     ས་ཡི་གསུས་པ་འཕྲུལ་གྱིས་འཛིན་པའི་ཁྱོད་ཀྱི་འཕྲིན་ལས་སྐྱོང་བའི་བུ།།
                     རིས་མེད་ཕྱོགས་སུ་བྱེར་བའི་ཕ་མཐའ་མཁའ་ཡི་རྒྱུ་སྐར་གྲངས་ཀྱིས་བཤད།།
                     མཛུབ་སྟོན་འཁྲུལ་མེད་སྣང་བ་དཀར་པོས་མུན་བུ་སྣང་བའི་ཁོལ་དུ་བཟླུམས།།
                     རིགས་ལམ་མངར་རྩི་སར་བ་སར་བས་ཁྱེའུ་ལང་ཚོ་རྨང་ནས་གསོས།།
                     རང་རིགས་ཚལ་ལ་མཛེས་སྡུག་བསྣོན་ཕྱིར་བྱ་དཀའི་སྤྱོད་པ་ཉམས་སུ་བསྟར།།
                     བཀའ་ཡིས་བསྲེལ་བའི་འབངས་ལ་བསྟབས་པའི་གོ་རིགས་གླེགས་བམ་རྗེས་སུ་བརྩེགས།།
                     མཆོག་གི་རྒྱལ་ཐབས་ངང་གིས་མནོས་ཀྱང་དམན་པའི་ཡུལ་ལ་འཛུམ་གྱིས་བསུ།།
                     ཕྱོགས་འཛིན་དུག་ཅན་དཔུང་གིས་སྐུལ་ཡང་གཟུར་གནས་མཁས་པའི་ལམ་ལ་གཞོལ།།
                     དུས་ཀྱི་སྤྱོད་ངན་རྡུལ་ལྟར་འཁྲིགས་ཀྱང་ཞི་དུལ་ཀུན་བཟང་སྤྱོད་པས་བཙུན།།
                     བག་ཡོད་ཐར་བའི་མིག་དཔེ་འདི་ལས་ཡ་རབས་བརྩོན་པ་སུ་ཞིག་འགོངས།།
                     སྤང་བླང་དད་པའི་ཕྱི་བཞིན་མི་འབྲང་དཔྱད་གསུམ་ཚད་མའི་ཤེད་ཀྱིས་འཚོལ།།
                     རྙིང་ཞེན་ལྟ་བའི་དོལ་ལ་མི་ཚུད་འཕོ་འགྱུར་སྤྱི་ཡི་འགྲོས་ལ་བགྲོས།།
                     གསར་བྱུང་མཁའ་གཅིག་མཚར་དུ་མི་འཛིན་འཕྲལ་ཡུན་ཕན་གནོད་ལས་ཀྱིས་འབྱེད།།
                     གསར་རྙིང་རིག་པ་འགྲན་བཞིན་སྤེལ་བ་ཐོས་པ་རྒན་པོ་ཁྱོད་ཀྱི་སྲོལ།།
                     རང་གཅིག་རྡོག་པའི་མདུན་ལ་མི་ལྟ་ཕྱིན་དྲུག་སྤྱན་འདབ་རྒྱང་དུ་སྐྱོང་།།
                     ཡོད་ཚད་ལས་ཀྱི་སྐལ་བར་མི་འཇོག་བརྒལ་བརྟག་རིགས་པའི་འཕྲུལ་གྱིས་གཅོད།།
                     རྟག་ཆད་མཐའ་ཡི་གཡང་ལ་མི་ལྟུང་ཟབ་ལམ་ལྟ་བའི་དཔལ་གྱིས་མཐོ།།
                     ཆེན་པོའི་ཁྲོད་ན་ཁྱོད་ཀྱི་གཟི་བརྗིད་རྒྱུ་སྐར་དབུས་ན་ཟླ་བས་སྟོན།།
                     མཛད་འཕྲིན་འོད་ཀྱིས་ཁྱབ་པར་སྤྲོ་བའི་དགེ་ལེགས་འཕྲིན་ལས་རྣམ་བཞིའི་འཕྲོ།།
                     བསྡུ་བའི་སྤྱོད་པ་ཉམས་སུ་ངོམ་པས་སྲིད་པའི་བདེ་དགའ་ཁོང་ལ་ཡིབ།།
                     ཀྱེ་ཧུད་སྨུག་སྤྲོན་ཁོར་ཡུག་འཁྱུད་པའི་ཀློང་ཆེན་སྨག་ན་འཁོར་བའི་ཁྱུ།།
                     འོད་གསལ་ལྷ་ཡི་ཞིང་ལ་འདྲེན་པའི་སྣང་བའི་གཏེར་ཁྱོད་གང་དུ་གཤེགས།།
                     མདོར་ན་ཚོགས་གཉིས་པིར་གྱིས་བྲིས་པའི་དྲང་སྲོང་སྤྱོད་པའི་མདངས་ཀྱིས་མཛེས།།
                     བདེན་གཉིས་ཕྲ་རགས་ཤེས་བྱའི་མཛེས་མ་ཤེས་བརྩོན་ཀྱོ་བས་ཐུགས་ལ་བོས།།
                     ལུགས་གཉིས་རིག་པའི་ཁོང་ལས་དྲངས་པའི་མཛད་རྣམ་རྗེས་སུ་དྲན།།
                     འདི་ན་ས་ཡི་རྡུལ་ལ་མཐོང་བའི་བདུད་རྩིའི་ནུ་ཞོ་བསྣུན་པའི་བུ།།
                     གང་ཞིག་སྐྱེ་རབས་གཉིས་པའི་ཟླ་གཞོན་གྲོགས་སུ་འབྱོར་ལ་སྙིང་ཉེ་བས།།
                     འབངས་ལ་བརྩེ་སེམས་ཞགས་པས་མ་བོར་དཀྱིལ་འཁོར་རྗེ་བོའི་ཟིལ་ངོམ་ནས།།
                     གཙུག་ལག་འདོད་འཇོའི་རྣམ་ཐར་སྐྱོང་བ་ཡང་གཅིག་ཞུའོ་མཚན་མོའི་མགོན།།

དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...

  • ཟུར་མཁར་བློ་གྲོས་རྒྱལ་པོའི་གསུང་རིན་ཐང་ཅན་ཞིག
  • མེ་ལྕེས་བརྩམས་པའི་དཔེ་དེབ《དགེ་ཆོས་རྒྱང་མཇལ》།
  • འབའ་གཞས་གླུ་ཚིག《གཤོག་རྩལ་ངོམ་པའི་གངས་རི》བཀྲམ་པ།
  • ལྷོ་ཁ་ས་ཁུལ་གྱིས་ཡར་ཀླུང་རིག་གནས་ཀུན་གཟིགས་གླིང་སྐྲུན་པ།
  • རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང《རྒྱང་དུ་གྱེས་བ》།
  • རྨ་ཙོང་འབབ་ཡུལ་གྱི་རྒྱལ་སྤྱི་མདའ་འཕེན་འགྲན་སྡུར་སྤེལ་རྒྱུ་རེད།
  • པདྨ་ཚེ་རིང་གི་གློག་བརྙན་སློབ་ཆེན་པའི་གློག་བརྙན་དུས་ཆེན་དུ་ཚུད་པ།
  • 《བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིག་ཆ་བདམས་བསྒྲིགས》བཀྲམ་པ།
  • མིང་དུ་གྲགས་པའི་གླུ་བ་ཡར་དུང་གིས་གློག་བརྙན་ཕབ་སྐྲུན་བྱེད་པ།
  • ལྗོན་ཤིང་ཚེ་ཐར་གཏོང་བ་ལས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ།
  • གནའ་བོའི་བོད་ཀྱི་ཁང་ཁྱིམ་བཟོ་བཀོད།
  • རྟོག་ཞིབ་ཚོགས་པས་མཚོ་ལྷོ་མི་རིགས་མཐོ་གཉིས་ལ་རྟོག་ཞིབ་བྱས།
  • མགོ་ལོག་གི་བོད་ཀྱི་ཚད་མའི་རྟག་རིགས་ཁྲིད་ཐབས་གསར་བ།
  • ཧོ་པེ་རུ་སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས3000ལྷག་རྙེད་པ།
  • 《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག》
  • «བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས»འགྲེམ་སྤེལ་བྱས།
  • མེ་ལྕེས་བརྩམས་པའི་དཔེ་དེབ《དགེ་ཆོས་རྒྱང་མཇལ》།
  • མིང་དུ་གྲགས་པའི་གླུ་བ་ཡར་དུང་གིས་གློག་བརྙན་ཕབ་སྐྲུན་བྱེད་པ།
  • ལྗོན་ཤིང་ཚེ་ཐར་གཏོང་བ་ལས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ།
  • གནའ་བོའི་བོད་ཀྱི་ཁང་ཁྱིམ་བཟོ་བཀོད།
  • མགོ་ལོག་གི་བོད་ཀྱི་ཚད་མའི་རྟག་རིགས་ཁྲིད་ཐབས་གསར་བ།
  • ཧོ་པེ་རུ་སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས3000ལྷག་རྙེད་པ།
  • 《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག》
  • «བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས»འགྲེམ་སྤེལ་བྱས།
  • «ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ»ཞེས་པ་འགྲེམ་སྤེལ་བྱས།
  • མཉམ་མེད་ཤེས་རབ་རྒྱལ་མཚན།
  • རེབ་གོང་ཞོ་ར་མགོན་པོ་རྣམ་རྒྱལ་གྱི་རི་མོ་འདེམས་བཀོད།
  • གནའ་རབས་ཡིག་ཆ་ལེགས་བདམས་གློག་རྡུལ་རྒྱུ་ཆའི་རིག་མཛོད།
  • ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས་ཤིག་ཉི་ཧོང་སྐད་དུ་བསྒྱུར།
  • བོད་ཀྱི་སྦྲ་གུར་སྐོར་ངོ་སྤྲོད་རགས་ཙམ་བྱེད་པ།
  • པདྨ་ཚེ་བརྟན་གྱི་འཁྲབ་གཞུང《དབུགས་ལྒང》ལ་བྱ་དགའ་ཐོབ་པ།
  • 《ཨ་ཅག ཟླ་ངོགས་སུ་བསྐྱོད་པ》དངོས་སུ་ཚོང་རར་བཀྲམ་པ།
  • ༄༅།།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།
  • བོད་རིགས་ཀྱི་གནའ་བོའི་གླུ་གཞས།
  • སྲས་མོའི་ལོག་ཕེབས།༼༡༽ ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་ཞིང་ཤིས་ཚིག་བསྩལ།
  • ཚེ་རིང་ནོར་བུ་ལགས་ལ་ཐེངས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཆོས་གྲོགས་དྲྭ་བས་བཅར་འདྲི་བྱས་པ།
  • བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས།
  • བོད་ཀྱི་དབང་མཛད་བཅུའི་སྐབས་ཀྱི་ཤེས་རིག
  • བསང་ཡིག་དགེ་མཚན་པདྨོ་བཞད་པའི་ཉི་མ།
  • མཐོ་སྒང་གི་ནོར་ནག་སྐོར་ཅུང་ཙམ་བརྗོད་པ།
  • ༄༅།།《གུང་ཧོའི་སྲིད་དོན》བོད་ཡིག་གི་པར་གཞི་དང་པོ་སྒྲིག་སྒྱུར་བྱས་ནས་དངོས་སུ་འགྲེམ་སྤེལ་བྱས་པ།
  • ༄༅ །།མཚོ་ལྷོའི་རོང་ཁུལ་བུད་མེད་ཀྱི་རྒྱན་ཆ།
  • བོད་ཀྱི་གླུ་བ་གླུ་མ་ཚོའི་ལྷན་གཞས་ཆེད་བསྒྲིགས་གསར་བ།
  • ༄༅། ། ལེའུ་དང་པོ། སྤྱིའི་རྩ་འཛིན།
  • ༄༅ །།དམར་པོའི་ཞིང་ཁམས།
  • སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས།
  • བོད་དུ་གསུང་རབ་ཐོག་མར་དར་ཚུལ།