སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོ་ལོག་བླ་སྤྱང་གིས་སྦྱར་བའི་རང་མོས་སྙན་ངག《ཁ་བ》།
རྩོམ་པ་པོ། བླ་སྤྱང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-12-8 9:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཁ་བ།
བླ་སྤྱང་།
རྨི་ལམ་གྱོན་པའི་ཁ་བ་ལེབ་མོ། །
གངས་ཀྱི་ཁྲག་ལ་འཐིམ་པའི་རྣམ་ཤེས། །
ཡངས་བའི་མཁའ་རུ་བསྐྱོད་པའི་རླུང་རྟ། །
བསིལ་ལྡན་ལྗོངས་ལ་སླར་ཡང་ཕེབས་ཤོག །

ལྷ་གཅིག་ཕྱག་ལས་བསྩལ་བའི་མེ་ཏོག །
དྭངས་གཙང་བཞིན་གྱིས་བསྐྲུན་པའི་མཛེས་རྒྱན། །
དད་པའི་མདངས་ལ་བརྒྱུས་མུ་ཏིག །
བསིལ་ལྡན་ལྗོངས་ལ་སླར་ཡང་ཕེབས་ཤོག །

སྤྲོས་བྲལ་ཆོས་ཀྱི་དབྱངས་ལས་གྲུབ་པའི། །
ཡིག་དྲུག་ཁྲོད་ཀྱི་ལོ་འདབ་དཀར་བོ། །
ཚ་གདུང་སྡུག་པའི་རང་བཞིན་ཞི་མཛད། །
བསིལ་ལྡན་ལྗོངས་ལ་སླར་ཡང་ཕེབས་ཤོག །

སྤྲིན་གྱི་གསེབ་ལ་བྲིས་པའི་ཡིག་ཆུང་། །
རེ་བའི་གཏིང་སར་ཡིབ་པའི་དྲོད་ཐིག །
རབ་ཏུ་མཛེས་པའི་བྱ་ཁྱི་དཀར་བོ། །
བསིལ་ལྡན་ལྗོངས་ལ་སླར་ཡང་ཕེབས་ཤོག །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...