སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྦྲ་ཁྱིམ་སྨུག་པོ།
རྩོམ་པ་པོ། གངས་བུ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-12 15:30:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
གངས་བུ།   (འདན་མ)
དེ་རིང་ཞོགས་པར
ནམ་མཁའ་གཡའ་དག་ཅིང
ཉི་འོད་སྔར་ལས་དྲོད་འཇམ་ལྡན
ས་གཞིར་འཛུམ་གྱིས་ཁེངས་ཏེ
ལྗང་མདོག་གི་ལྭ་བ་གྱོན་པར་བྲེལ་བས
མཛེས་སྡུག་གི་དབྱར་ཁ་ཐོན་ལ་ཉེ་སོང
 
ཕ་ཁྱིམ་དྲོན་མོ  སྦྲ་ཁྱིམ་སྨུག་པོ
མི་ལོ་བཅུ་ཕྲག་གི་སྔོན་གྱི་དེ་རིང་གི་དུས་འདིར
ཁྱེད་ཀྱི་ལང་ཚོ་ལ་གཟི་མདངས་རྒྱས་ཏེ
མཛེས་སྡུག་གི་རྩྭ་ཐང་སྨུག་པོར་རྒྱན་ཡོད
གངས་རི་དང་སྤང་རིའི་འདབས་སུ་བཞད་ཡོད
དྭངས་གཙང་གི་ཆུ་བོའི་འགྲམ་ངོགས་ན་གནས་ཡོད
 
ད་དུང་ཡང
ཁྱོད་ཀྱི་སྒོ་ར་གྲུ་བཞི་ན
ནོར་གནག་གི་རྒྱ་མཚོ་འཁྱིལ་ཏེ
བྱམས་ལྡན་ཨ་ཅེ་འབྲོག་མོ་ཞིག་གིས
དགོ་དགོ་འབྲི་མོའི་ནུ་རྩེར་སྐྱོན་བཞིན
གྱེར་མི་རྫོགས་པའི་བཞོ་དབྱངས་སྙན་མོ་དེས
ཚངས་སྲས་ལྷ་མོ་ཡང་འགྲོན་དུ་བཀུག་པར་བྱས་ཡོད
 
དེ་ལས་ཀྱང
ཁྱོད་ཀྱི་བྱང་ཁོག་གི་ཞིང་ས་རུ
མེས་པོ་ཚོས་བཞག་པའི་ཤེས་རིག་གི་འདབ་མ་སྨིན་ཡོད
ང་ཚོ་གངས་ཅན་པའི་ཤ་དང་རུས་པ་ཡང་འཐིམ་ཡོད
དེ་བས ཁྱོད་ཡོད་པས
ང་ཚོ་ལ་ཕ་ཁྱིམ་དྲོན་མོ་ཞིག་ཡོད་སོང
ཁྱོད་ཡོད་པ་ཡིན་པས
ང་ཚོ་ལ་ནམ་ཡང་འཛུམ་མདངས་ཀྱིས་ཕྱུག་ནས་ཡོད
 
ཕ་ཁྱིམ་དྲོན་མོ  སྦྲ་ཁྱིམ་སྨུག་པོ
ཡིན་ནའང
ད་སྐབས་ཁྱོད་ཀྱི་ལང་ཚོ་ལ་རྨ་ཁ་ཕབ་སྟེ
ཁྱོད་ཀྱི་འཚོ་བ་ལ་མཇུག་བྱང་འབྲི་བཞིན
འཇིག་རྟེན་འདི་ནས་ཕ་རོལ་དུ་ཕྱིན་ལ་ཉེ
སྦྲ་ཁྱིམ་སྨུག་པོ   ཕ་ཁྱིམ་དྲོན་མོ
ད་ནི་ཁྱོད་ཀྱི་གཟི་མདངས་ཀྱང
ནུབ་རིའི་རྩེ་རུ་འཆར་བའི་ཉི་འོད་ཅིག
ཁྱོད་ཀྱི་ལང་ཚོ་ཡང
ནམ་མཁའི་ཀློང་དུ་ཤར་བའི་འཇའ་ཚོན་ཞིག
 
སྦྲ་ཁྱིམ་སྨུག་པོ   
དུས་རབས་འདིར  གངས་ཅན་པས
མེས་པོ་ཚོས་བཞག་པའི་ཕ་ཁྱིམ་དྲོན་མོ
ཕ་མེས་ཡང་མེས་ཀྱི་ཤུལ་བཞག་རིག་གནས
འདི་དག་ཡོད་ཚད་ནས་ཡོད་ཚད
བཤམས་སྟོན་ཁང་གསར་བ་ཞིག་ཏུ་སྐྱེལ་བཞིན་འདུག
ཀྱེ་ཀྱེ་གངས་ཅན་པ ད་དུང་འདི་དག་སྔར་དྲགས་པ་མ་ཡིན་ནམ
2017/4/23 འཛམ་གླིང་དཔེ་ཀློག་ཉིན་མོར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...