སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་བདམས་བཀོད་ཁག་བཞི་བ།
རྩོམ་པ་པོ། ཆབ་འགག་རྡོ་རྗེ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-17 10:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཉི་ཟླའི་བརྩེ་དུང་།
ཆབ་འགག་རྡོ་རྗེ་ཚེ་རིང་།
ཁྲི་གདུགས་འོད་སྟོང་འབར་བའི།།
གསེར་གྱི་ཉི་མ་སེར་པོ།།
ཉ་གང་ལང་ཚོ་རྫོགས་པའི།།
དངུལ་གྱི་ཟླ་བ་དཀར་པོ།།
ཉི་ཟླ་ལས་འཕྲོ་ཡོད་པས།།
མཐོན་པོ་ཨ་སྔོན་དགུང་ནས།།
གཅིག་སེམས་གཅིག་ལ་དུངས་ཡོད།།
གཅིག་འོད་གཅིག་ལ་ཐིམ་ཡོད།།
གསེར་གྱི་ཉི་མ་སེར་པོ།།
དངུལ་གྱི་ཟླ་བ་དཀར་པོ།།

ཡབ་ལྷ་ཐུགས་རྗེ་ཆེན་པོ།།
ཨ་ཇོ་སྲོང་བཙན་སྒམ་པོ།།
ཡུམ་ལྷ་སྒྲོལ་མ་སྔོན་མོ།།
ཨ་ཅེ་རྒྱ་བཟའ་ཀོང་ཇོ།།
ཡབ་ཡུམ་ལས་འཕྲོ་ཡོད་པས།།
གངས་ཅན་བོད་ཀྱི་ལྗོངས་ནས།།
གཅིག་སེམས་གཅིག་ལ་འཁྲེང་ཡོད།།
གཅིག་བློ་གཅིག་ལ་མཐུན་ཡོད།།
ཨ་ཇོ་སྲོང་བཙན་སྒམ་པོ།།
ཨ་ཅེ་རྒྱ་བཟའ་ཀོང་ཇོ།།
བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》ཞེས་པའི་མཇུག་གི་གླུ་ཚིག
གཙོ་ངོས།ཤོག་ངོས་གོང་མ།གོང་གི་ཤོག་ངོསལྔ12345ཞོལ་གྱི་ཤོག་ངོསལྔཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...