སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་པའི་མཛེས་ཉམས་ཞེས་པའི་དེང་རབས་སྣུམ་རིས་སྒྱུ་རྩལ་པའི་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་སྤེལ་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-9-22 9:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《མཐོ་སྒང་གི་གནའ་དགོན》། རྩོམ་པ་པོ།  ཨ་བོ།   རྩོམ་དུས།  2011ལོ།   
ཚད་གཞི།  81×100CM   བརྩམས་ཆོས་ཀྱི་རིགས།   སྣུམ་རིས།   

            ཟླ9བའི་ཚེས17ནས་ཚེས27བར།   ཀྲུང་གོའི་རྒྱལ་ཁབ་རི་མོ་གླིང་གི་སྣུམ་རིས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་།   བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་བའི་དེང་རབས་སྣུམ་རིས་སྒྱུ་རྩལ་པའི་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་སྤེལ་པ་རེད།

 
《བར་སྐོར་ལ་སྐོར་བ་བྱེད་པའི་མང་ཚོགས》།  རྩོམ་པ་པོ།  སོ་མན་ནེའུ།    རྩོམ་དུས།  2007ལོ།  
ཚད་གཞི།  130×130CM   བརྩམས་ཆོས་ཀྱི་རིགས།   སྣུམ་རིས།   

《གཙང་བཀྲ་ཤིས་ལྷུན་པོ་དགོན》།  རྩོམ་པ་པོ།  ཚེ་རིང་རྡོ་རྗེ།   རྩོམ་དུས།  2011ལོ།  
ཚད་གཞི།  100×73CM   བརྩམས་ཆོས་ཀྱི་རིགས།   སྣུམ་རིས།
  

            དེང་རབས་ན་གཞོན་སྣུམ་རིས་སྒྱུ་རྩལ་པ28ཀྱིས་བོད་ཁུལ་གྱི་རྣམ་པ་ཁོ་ཚོའི་སྒྱུ་རྩལ་མཛེས་རིས་སུ་བཀོད་དེ།    བོད་རིགས་མི་དམངས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་བློ་གྲོས།  བབ་ཆགས་སོགས་ཀྱི་ཁྱད་ཆོས་མངོན་པ་དང་།  དེ་མིན་བོད་ཁུལ་གྱི་རི་ལུང་ཆུ་གསུམ་དང་མཛེས་ལྗོངས་སྣ་ཚོགས་ཁོ་ཚོའི་སྨྱུག་རྩལ་ལ་དྲངས་ཤིང་གསོན་ཉམས་ལྡན་པའི་སྣང་བརྙན་བསྐྲུན་ཡོད་པ་རེད།  


《སྡེ་འདེབས་ཀྱི་རྣམ་པ》།  རྩོམ་པ་པོ། སྐལ་བཟང་ཚེ་རིང་།   རྩོམ་དུས།  2011ལོ།  
ཚད་གཞི།  100×90CM   བརྩམས་ཆོས་ཀྱི་རིགས།   སྣུམ་རིས།  

《རེ་བའི་སློབ་གྲྭ》། རྩོམ་པ་པོ། འཇིག་མེད་འཕྲིན་ལས།   རྩོམ་དུས།  2011ལོ།  
ཚད་གཞི།  120×120CM   བརྩམས་ཆོས་ཀྱི་རིགས།   སྣུམ་རིས།
  

            གལ་སྲིད་ནང་ལོག་ས་ཆའི་སྣུམ་རིས་སྒྱུ་རྩལ་པས་ནང་ལོག་རིག་གནས་ཀྱི་ལངས་ཕྱོགས་ནས་མཐོ་སྒང་རིག་གནས་ཀྱི་མཛེས་ཉམས་བརྗོད་ཡོད་ན།   བོད་ཁུལ་སྣུམ་རིས་སྒྱུ་རྩལ་པས་ས་འདིའི་མི་དམངས་ཀྱི་སེམས་ཁུངས་ན་རྡོལ་བའི་བྱམས་སྙིང་རྗེ་དང་ལྷད་མེད་པའི་བག་གཤིས་སོགས་བརྗོད་དོན་གྱི་དམིགས་བྱར་བཟུང་ཡོད་དེ།    ཁོ་ཚོའི་བརྩམས་ཆོས་མང་ཆེ་བས་གང་ནུས་ཅི་ལྕོགས་ཀྱིས་བག་བྲོ་བའི་འཚོ་བའི་གནས་སྟངས་དང་སེམས་ཁམས་གཙོར་མཚོན་པར་བྱས་ཡོད་པ་རེད། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...