སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སློབ་གྲོགས་སངས་རྒྱས་བཀྲ་ཤིས་ཀྱི་རི་མོའི་འགྲེམ་སྟོན།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2012-5-17 10:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


འགྲེམ་སྟོན་ཡུལ་དངོས།

         ཉེ་ལམ།  ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སློབ་མ་སངས་རྒྱས་བཀྲ་ཤིས་ཀྱི་མི་སྒེར་རི་མོའི་འགྲེམ་སྟོན་དེ་སློབ་གྲྭ་འདིའི་སློབ་ཁུལ་གསར་བའི་བྱང་གནས་གསོལ་ཁང་སྒོ་ཁར་དངོས་སུ་བཀྲམ།


ཟླ་གསུམ་སྤྱད་དེ་འབྲི་བཞེངས་བྱས་པའི་ཇོ་སྐུ།

         སངས་རྒྱས་བཀྲ་ཤིས་ནི་སྒྱུ་རྩལ་གྱི་ཆེད་ལས་མ་ཡིན་པའི་རི་མོ་འབྲི་བཞེངས་ལ་དུངས་མཁན་ཞིག་ཡིན་ཞིང་། ཁོའི་བརྩམས་ཆོས་ལ་སྣུམ་རིས་དང་ཆུ་ཚོན་སོགས་འབྲེལ་ཡོད་ཐང་ག་དང་།   མཛེས་ལྗོངས། མི་སྣ་བཅས་ཐད་ཀྱི་ནང་དོན་འདུས། 


མཐུན་པ་སྤུན་བཞི།

         ཁོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་ཡིན་ལ། ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི09ལོའི་བོད་སྐད་ཡིག་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་།  ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་གོང་གཞོན་ཚོགས་པའི་རོགས་འདེགས་འོག་ཐེངས་འདིའི་རི་མོ་འགྲེམ་སྟོན་བདེ་བླག་ངང་སྤེལ་ཐུབ་པ་བྱུང་།


ཐང་ག


ལས་ལ་བརྩོན་པའི་ཨ་མ་རྒན་མོ།

         མི་ཚེའི་ཀྱག་ཀྱོག་གི་བརྒྱུད་ལམ་རིང་མོའི་ཁྲོད། ཁོས་ནམ་ཡང་དཀའ་བ་ཡོད་ཚད་ཁྱད་དུ་བསད་དེ་རང་ཉིད་ཀྱི་ཕུགས་འདུན་མ་དོར་བར་སློབ་སྦྱོང་གི་བར་སྐབས་ནས་དགེ་རྒན་བསྟེན་ཏེ་ཐང་ག་དང་།   སྐྱ་རིས།  ཆུ་ཚོན།  སྣུམ་རིས་སོགས་ཀྱི་ཕྱོགས་ལ་སྦྱོང་བ་བྱས།  ལོ་གསུམ་གྱི་སློབ་ཆེན་འཚོ་བའི་ཁྲོད་སློབ་གསེང་གི་དུས་ཚོད་ཕལ་ཆེ་བ་བེད་སྤྱད་དེ་དཔེ་རིས་བརྩམས་ཆོས80ལྷག་འབྲི་བཞེངས་བྱས་ལ། དེའི་ནང་ཟླ་གསུམ་གྱི་དུས་ཡུན་ནང་འབྲི་བཞེངས་བྱས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་འདུས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...