སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《རང་བྱུང་སྙན་དབྱངས་བོད་གླུ་འགྲན་ཚོགས》ཡུན་ནན་དུ་བསྡུས་པ།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2012-6-13 15:26:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བདམས་ཐོན་བྱུང་བའི་འགྲན་ཞུགས་པ་བཞི།

  རྒྱུས་ལོན་བྱུང་བ་ལྟར་ན《རང་བྱུང་སྙན་དབྱངས་བོད་གླུ་འགྲན་ཚོགས》ཀྱི་ཐོག་མའི་འགྲན་སྡུར་དེ་ཡུན་ནན་ཁུན་མཱེའི་འགྲན་ཁུལ་དུ་སྤེལ་བས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། ཡུལ་ཕྱོགས་སོ་སོ་ནས་ཡོང་བའི་མི་རིགས26གི་འགྲན་ཞུགས་པ་མང་པོ་ཞུགས་པ་རེད།
  《རང་བྱུང་སྙན་དབྱངས་བོད་གླུ་འགྲན་ཚོགས》ཁུན་མཱེ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་སྟེང་བོད་ཀྱི་གླུ་མ་གྲགས་ཅན་འཛོམས་དབྱངས་སྒྲོལ་མ་དང་ཀྲུང་གོའི་རོལ་དབྱངས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏཱོན་ཡོང་ཞིན་སོགས་དཔྱད་འདེམས་པར་གདན་འདྲེན་ཞུས་ཤིང་། ཐེངས་འདིའི་འགྲན་སྡུར་ལ་མི400ལྷག་གིས་མིང་ཐོ་བཀོད་ཡོད་ལ།  ཚ་ཚ་འུར་འུར་གྱིས་འགྲན་སྡུར་བྱས་མཐར་འགྲན་ཞུགས་པ4བདམས་ཐོན་བྱུང་བས་ཁོང་ཚོ་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་ཞུགས་རྒྱུ་རེད།
  བོད་གླུ་འགྲན་ཚོགས་སྐབས་གཉིས་པའི་སྟེང་ཞུགས་པའི་ཉི་ཟླ་སྐར་གསུམ་ཚན་སྡེབ་དང་མ་སྐྱེས་ཨ་མའི་ཁ་བ་ཚན་སྡེབ་སོགས་ཡང་བསྐྱར་སྐབས་འདིའི་འགྲན་སྡུར་སྟེང་ཞུགས་ནས་རྟིང་རྩོད་འགྲན་སྡུར་དུ་ཚུད། གཞོན་སྐྱེས་འགྲན་ཞུགས་པ་བློ་བཟང་རྒྱལ་མཚན་གྱིས《ཁྱེད་ནི་ང་ཡི་མིག་ཟུང་ཡིན》ཞེས་པ་བོད་སྐད་དུ་སྒྱུར་སྒྲིག་བྱས་ཡོད་པ་དང་། དེ་མིན་བོད་གླུ་འགྲན་ཚོགས་ཧྲང་ཧེའི་འགྲན་ཁུལ་དང་ཁུན་མཱེའི་འགྲན་ཁུལ་གཉིས་སུ་སླེབས་པའི་གྲགས་པ་ཡོན་ཏན་བཅས་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...