སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚེ་རིང་རྡོ་རྗེ་དང་འབྲེལ་བའི་ཁྱད་དུ་འཕགས་པའི་བོད་ཤོག་བཟོ་རྩལ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2012-6-21 10:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཚེ་རིང་རྡོ་རྗེ་དང་འབྲེལ་བའི་ཁྱད་དུ་འཕགས་པའི་བོད་ཤོག་བཟོ་རྩལ།
ཚེ་རིང་རྡོ་རྗེ་དང་འབྲེལ་བའི་ཁྱད་དུ་འཕགས་པའི་བོད་ཤོག་བཟོ་རྩལ།

         རྒྱལ་ཁབ་རིམ་པའི་བོད་ཤོག་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ཤོག་ལ་མི་རྣམས་ཀྱིས་མཐོང་ཆེན་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ནང་སྒོས་སུ་ལག་བཟོ་སྒྱུ་རྩལ་པ་རྣམས་ཀྱི་ཡིད་དབང་རབ་ཏུ་འགུག་པ་ཡིན།
         ཚེ་རིང་རྡོ་རྗེ་ནི་ལྷ་ས་སྙེ་མོ་རྫོང་སྟེ་བོད་སྤོས་དང་བོད་ཤོག(2006ལོར་རྒྱལ་ཁབ་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད)གི་ཕ་སར་གྲགས་པའི་གནས་དེར་སྐྱེས་ཤིང་།  ད་ལྟ་ན་ཚོད62ཡིན་ལ། ལོ་ངོ50རིང་བོད་ཟོག་བཟོ་སྐྲུན་ལ་གཞོལ་བ་དང་། ཁོའི་བརྩམས་ཆོས་གཅིག་ནི་ཁྱད་དུ་འཕགས་པའི་བོད་ཀྱི་སྲོལ་རྒྱུན་ཤོག་བུ་རིགས་གསུམ་གྱི་གྲས་ཤིག་ཡིན།  དེ་ཡང་བོད་ཤོག་ནི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་རྫས་ཤིག་སྟེ་བོད་ཀྱི་དགོན་པའི་ཆོས་དཔེ་པར་འདེད་སོགས་ལ་གཙོ་ཆེར་སྤྱོད་པ་ཡིན།
         ཉིན་ཞིག་ཁེ་ལས་པ་བྱམས་པ་བརྩོན་འགྲུས་ཀྱིས་ཁོ་བོར་བོད་ཤོག་གི་གལ་ཆེན་རང་བཞིན་གསལ་བཤད་བྱས་ཏེ་སྲོལ་རྒྱུན་ཤུལ་བཞག་བོད་ཤོག་ལག་བཟོ་སྒྱུ་རྩལ་གྱི་ལས་ལ་གཞོལ་བའི་ལག་བཟོ་པ8གསོ་སྦྱོང་བྱེད་པར་གདན་འདྲེན་ཞུས་པར་བཤད།
         “འདིར་ས་གནས་ཀྱི་ལག་བཟོ་སྒྱུ་རྩལ་པ་ལས་གཞན་ད་དུང་ཉི་ཧོང་དང་། བལ་བོ།  འཇར་མན་སོགས་རྒྱལ་ཁབ་ཀྱི་སློབ་དཔོན་ཆེན་མོ་སོགས་རིག་གནས་མཉམ་འབྲེལ་དང་བརྗེ་རེས་ཀྱི་ལས་འདིར་ཞུགས་པ་ཡིན”ཞེས་ཁེ་ལས་པ་བྱམས་པ་བརྩོན་འགྲུས་ཀྱིས་དེ་ལྟར་བརྗོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...