སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་བྱང་རྐང་ཚ་རྫོང་དུ་གནས་སྐོར་ངལ་གསོའི་སྦྲ་གུར་གསར་སྐྲུན་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2013-7-11 11:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མཚོ་བྱང་རྐང་ཚ་རྫོང་དུ་གནས་སྐོར་ངལ་གསོའི་སྦྲ་གུར་གསར་སྐྲུན་འགྲན་བསྡུར་སྤེལ་བ།
བྱ་དགའ་ཨང་དང་པོ་ནས་བདུན་པ་ཐོབ་མཁན་གྱི་ལས་ཁུངས་བདུན།


འོམ་ཆུའི་སྦྲ་གུར་ནང་གི་ཆེས་སྲོལ་རྒྱུན་གྱི་ཐབ་ཀ

        ཉེ་ལམ། 2013ལོའི་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་གྱི་གནས་སྐོར་ངལ་གསོའི་སྦྲ་གུར་གསར་སྐྲུན་འགྲན་བསྡུར་རྐང་ཚ་རྫོང་མཚོ་སྔོན་པོའི་ལྷ་མོའི་གཞོང་དུ་སྤེལ་ཞིང་།  ཟླ7པའི་ཚེས9ཉིན། སྦྲ་གུར་འགྲན་བསྡུར་བདེ་བླག་ངང་མཇུག་སྒྲིལ་བ་དང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་ཤོས་རྣམས་བྱ་དགའ་གནང་བའི་མཛད་སྒོར་ཞུགས་ལ། འོམ་ཆུ་གྲོང་རྡལ་དང་དཔལ་དགེ་གྲོང་རྡལ། ཆུ་འཁོལ་རྡོ་སོལ་ཐོན་ལས་གླིང་སོགས་ལས་ཁུངས7ལ་རིམ་པ་བཞིན་བྱ་དགའ་ཨང་དང་པོ་ནས་བདུན་པ་ཐོབ་སྟེ་སོ་སོར་བྱ་དགའི་སྒོར་ཁྲི3.5ནས་སྒོར་ཁྲི1.1བར་གནང་། ལས་ཁུངས་བཞི་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་ཅིང་སོ་སོར་སྒོར་ཁྲི0.4དང་། ལས་ཁུངས་གཅིག་ལ་དམངས་སྲོལ་རིག་གནས་རྒྱུན་འཛིན་རྨད་བྱུང་བྱ་དགའ་ཐོབ་ཅིང་སྒོར་ཁྲི0.6གནང་བ་རེད།


དཔལ་དགེའི་སྦྲ་གུར་ནང་གི་ཕྱུགས་ཟོག


ཆུ་འཁོལ་རྡོ་སོལ་ཐོན་ལས་གླིང་སྦྲ་གུར་ནང་གི་བཀྲ་ཤིས་རྟགས་བརྒྱད།

        ཐེངས་འདིའི་འགྲན་བསྡུར་དུ་བསྡོམས་པས་བྱ་དགའ་སྒོར་ཁྲི17.4གནང་ཞིང་། བྱ་དགའ་ཐོབ་པའི་ལས་ཁུངས་དག་གིས་སྔར་ལས་ལྷག་པར་རྨད་བྱུང་སྦྲ་གུར་འགྲེམ་སྟོན་བྱེད་པར་སྐུལ་འདེད་ཐོབ་པ་དང་། བྱ་དགའ་ཐོབ་མ་ཐུབ་པའི་ལས་ཁུངས་དང་ཡང་ན་འགྲན་བསྡུར་དུ་ཞུགས་མ་ཐུབ་པའི་ལས་ཁུངས་དག་གིས་ཀྱང་རྗེས་ཕྱོགས་སུ་རང་འགུལ་གྱིས་སྦྲ་གུར་འགྲན་བསྡུར་ལ་ཞུགས་ཏེ་མི་རིགས་རིག་གནས་རྒྱུན་འཛིན་དང་། མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་གྱི་རིག་གནས་མཚན་རྟགས་བསྐྲུན་པ། མཐོ་སྒང་མཚོ་འགྲམ་བོད་མཁར་གྱི་རིག་གནས་དང་གནས་སྐོར་མཐུན་སྦྱོར་འཕེལ་རྒྱས་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་འཇོན་ནུས་འདོན་དགོས་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...