སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་སྤེལ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-4-15 10:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གླུ་བ་པདྨ་བསམ་གྲུབ་ཀྱིས་གཞན་ཕུལ་བ།

མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་སྤེལ་བ།
གླུ་བ་གདུགས་དཀར་ཡག་གིས་གླུ་གཞས་ཕུལ་བ།

      ཟླ4བའི་ཚེས12ཉིན། མཚོ་སྔོན་ཁྲི་ཀའི་སྐབས་དགུ་བའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ཆུའི་ཆུ་འཁོར་ཐང་ཆེན་དུ་སྤེལ་ཞིང་། འགོ་རྩོམ་མཛད་སྒོའི་སྟེང་དུ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་། ས་གནས་ཀྱི་མང་ཚོགས། དེ་མིན་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་རྣམས་ཀྱིས་འགོ་རྩོམ་མཛད་སྒོའི་འཁྲབ་སྟོན་ལ་གཟིགས་པ་རེད།


གླིང་འབྲུག་མོ་ཚན་སྡེབ་ཀྱིས་གླུ་གཞས་ཕུལ་བ།

      ཉིན་འདིར། མིང་དུ་གྲགས་པའི་བོད་རིགས་གླུ་བ་པདྨ་བསམ་གྲུབ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་ལམ་ཆེན་གྱི་གཟའ་འཁོར་ཨང་དང་པོ་དང་དབྱེ་འགྲན་གྱི་ཨང་དང་པོ། ལོ་འཁོར་གཏིང་རྩོད་འགྲན་བསྡུར་གྱི་ཨང་དྲུག་པ་བཅས་བླངས་པའི་གླུ་བ་གདུགས་དཀར་ཡག་སོགས་ས་གནས་ཀྱི་གླུ་བ་གླུ་མ་དག་གིས་ཐེངས་འདིའི་མཛད་སྒོའི་སྟེང་སྙན་འཇེབས་ཀྱི་གླུ་གཞས་ཕུལ་ཏེ་རྣམ་པ་ཚོའི་ཡིད་སེམས་མྱོས་པར་བྱས།


བྲོ་གར་འཁྲབ་སྟོན།


གཟིགས་མོ་བ་ལྷན་རྒྱས།

      རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཁྲི་ཀའི་སིལ་སྡོང་མེ་ཏོག་རྐྱེན་བྱས་པ་དང་།  རིག་གནས་ཀྱིས་སྟེགས་བུ་བསྐྲུན་ཅིང་དཔལ་འབྱོར་གྱིས་སྦྱོར་ལེགས་མཛད་པ་ཡིན་ལ། ད་ལྟའི་བར་སྐབས་བརྒྱུད་ལ་སྤེལ་ཟིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...