སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ས་ཁུལ་གྱི་བཟོ་ལས་གླིང་གི་ལས་གཞི་སོ་སོའི་འཛུགས་སྐྲུན་འཕེལ་རིམ།
རྩོམ་པ་པོ། ཀུན་གྲགས། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-7-31 9:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ན་གོར་མོ་བཟོ་ལས་གླིང་ཁུལ་དུ་མཚོ་སྔོན་ཀྲུང་ཧོ་རང་བྱུང་སོལ་རླངས་རྫས་བཟོ་ཚད་ཡོད་ཀུང་ཟིའི་ལོའི་ཐོན་སྐྱེད་ཚད་ཏུན120ཡིན་པའི་ལས་གཞི་ཞིག་གི་ལག་བསྟར་བྱས་ཆོག་པའི་ཞིབ་འཇུག་སྙན་ཞུ་ལ་ལེགས་སྒྲིག་ཐེངས་གསུམ་པ་བྱེད་བཞིན་པའི་སྒང་ཡིན་ལ། དུས་མཚུངས་སུ་རྡོ་སོལ་ཐོན་ཁུངས་ཡར་ཞུ་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད། གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་དུ་ཧྲིན་ཀྲིན་ཨའེ་ནེན་སིན་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྣ་གསུམ་ཕྱོགས་བསྡུས་ཀྱི་ནུས་ཤུགས་གསོག་འཇོག་ལས་གཞིའི་ཇུས་གཞི་སྒྲིག་འཛུགས་བྱ་བ་ལེགས་འགྲུབ་བྱུང་ཡོད་ཅིང་། མིག་སྔར་ཁྲལ་དོན་ཐོ་འགོད་ལས་གཞིའི་ལག་བསྟར་བྱས་ཆོག་པའི་ཞིབ་འཇུག་སྒྲིག་གཞི་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། ཚྭ་འདམ་ཆེ་བའི་བཟོ་ལས་གླིང་ཁུལ་དུ་ཞིང་ཆེན་ནུས་ཁུངས་གསར་སྤེལ་ཀུང་ཟིའི་རྡོ་སོལ་སྔོག་འདོན་ལས་གཞིར་མ་དངུལ་སྒོར་བྱེ་བ་གཉིས་བཏང་ཞིང་། སྒྲིག་ཆས་སྐོར་ཞིག་ཉོ་སྒྲུབ་དང་ལྷུ་སྒྲིག་བྱས་པ་ལེགས་འགྲུབ་བྱུང་། དབུས་ལམ་བཟོ་ལས་གླིང་ཁུལ་དུ་ཟླ་དྲུག་པའི་ཟླ་མཇུག་བར་ལ་མཚོ་སྔོན་གཏེར་ལས་ཀུང་ཟིའི་རྡོ་སོལ་འདེམ་པའི་བཟོ་གྲྭར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་ལེགས་འགྲུབ་བྱུང་ཡོད་ཅིང་། བཟོ་གྲྭའི་ཕྱི་རོལ་གྱི་གློག་ཤུགས་བཟོ་སྐྲུན་གྱི་ལག་བསྟར་བྱས་ཆོག་པའི་ཞིབ་འཇུག་སྙན་ཞུ་ལ་ཞིབ་བཤེར་རྩིས་ལེན་ཐོབ་པས། གློག་ཤུགས་ཀུང་ཟིས་ལས་ཡུལ་དངོས་ལ་རྩད་ཞིབ་བྱེད་བཞིན་པའི་སྒང་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...