སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལོ་ངོ་སྟོང་ཕྲག་འགོར་བའི་བོད་ཡིག་གི་གནའ་དཔེ་གྲགས་ཅན《ཕུ་རི་ཡིག་རྙིང》།
རྩོམ་པ་པོ། ནག་ཀྱཱ་བ་ཤ་བོ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-8-6 10:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ནག་ཀྱཱ་བ་ཤ་བོ་ཚེ་རིང་།

     《ཕུ་རི་ཡིག་རྙིང》ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཡིག་གི་གནའ་བོའི་ཡིག་ཚང་གྲགས་ཅན་ཞིག་ཡིན་ལ། འདི་ནི་ཏུང་ཧོང་གི་ཡིག་ཚང་གི་རྗེས་སུ་རྒྱལ་ནང་ནས་གསར་དུ་རྙེད་པའི་ལོ་རྒྱུས་ཀྱི་དུས་ཚོད་རིང་ཞིང་ཉར་ཡུན་ཆེས་རིང་བོའི་གནའ་དཔེ་དཀོན་པོ་ཞིག་ཡིན། 《ཕུ་རི་ཡིག་རྙིང་》ནི་ལོར་བོད་ལྗོངས་ཀྱི་གཞིས་ཀ་རྩེའི་ས་ཁུལ་གྱི་གཉའ་ལམ་རྫོང་གི་ཕུ་རི་གྲོང་ཚོ་ནས་གསར་རྙེད་བྱུང་བ་ཡིན། 2006ལོར་བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ཡིག་ཚང་དུ་བདམས་ཐོན་བྱུང་བ་དང༌། བོད་ཡིག་གནའ་དཔེ་ཞིབ་འཇུག་གི་འབྲེལ་ཡོད་མི་སྣས་ལོ8ལ་མྱུར་སྐྱོབ་ལེགས་སྒྲིག་བྱས་པས། མིག་སྔར་རྩོམ་བསྡུ་དང་ལེགས་སྒྲིག གློག་སྡུད་པར་འཇུག་སོགས་ཀྱི་བྱ་བ་ཡོངས་འགྲུབ་བྱས་ཏེ། གནའ་དཔེ་པར་འདེབས་དང་ཡིག་ཆའི་རྒྱུ་ཆ་འཚོལ་བསྡུ་སོགས་དངོས་སུ་ཞིབ་ཚགས་དམ་པོ་བྱས་ནས་པར་བསྐྲུན་བྱེད་གྲབས་ཡོད།

     《ཕུ་རི་ཡིག་རྙིང》ལ་རིགས150ལྷག་དང་ཤོག་ངོས1300ཉེ་བ་ཡོད། ཆེད་ལས་མཁས་པས་གསལ་འབྱེད་བྱས་པ་ལྟར་ན། འདི་ཉིད་བྱུང་བའི་ལོ་རྒྱུས་ནི་སྤྱི་ལོའི་དུས་རབས13གྱི་སྔོན་དུ་གཏོགས་ལ། དེའི་ཁྲོད་ཀྱི་ཡིག་ཚང་སྐོར་ཞིག་ནི་བོད་བཙན་པོའི(རྒྱའི་ཐང)དུས་སྐབས་སུ་བྱུང་བ་རེད། བོད་ལྗོངས་སུ་བོད་བཙན་པོའི་དུས་སྐབས་ཀྱི་ཡིག་ཚང་ནི་ཤིན་ཏུ་དཀོན་ཞིང་དུས་རབས་སྟོད་ཀྱི་ཐོག་མའི《ཏུང་ཧོང་ཡིག་རྙིང》གསར་རྙེད་བྱུང་བ་དང༌། མི་མང་བོས་ཡིག་ཚང་འདི་ནི་བོད་བཙན་པོ་རྒྱལ་རབས་ཀྱི་དུས་མཇུག་དང་དུས་རབས13གྱི་ཡིག་ཚང་ཞིག་ཡིན་པར་ཤེས་རྟོགས་བྱུང༌།
     《ཕུ་རི་ཡིག་རྙིང་》གི་བརྗོད་དོན་ཟབ་ཅིང་ཧ་ལམ་ལྷ་ཆོས་དང་མི་ཆོས་རྩོམ་བཏུས་ཁག་གཉིས་སུ་དབྱེ་ཡོད་ལ། དམ་པའི་ལྷ་ཆོས་ཀྱི་ཡིག་ཚང་ནི་གསང་སྔགས་ཀྱི་ཆོ་ག་དང་ནང་ཆོས་ཀྱི་དཔེ་རྙིང་གཉིས་སུ་གཏོགས་ལ། ཆོས་ལུགས་ཀྱི་གནའ་དཔེའི་ཁྲོད་ཐོག་མའི་ཡིག་བསྒྱུར་གྱི་མ་ཕྱི་དང་དུས་རབས10ཡས་མས་སུ་བོད་ལྗོངས་སུ་རྒྱུགས་ཆེ་བའི་དམངས་ཁྲོད་ཆོས་ལུགས་ཀྱི་དཔེ་རྙིང་དང་དང་ཆོ་ག་སོགས་ཡོད། མི་ཆོས་ཀྱི་ཡིག་ཚང་ནི་སྙན་ཚིག་དང་བསྟོད་ཚིག མི་སྣའི་རྟོགས་བརྗོད་སོགས་འདུ་ལ། འདིས་བོད་ལྗོངས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་འབྱུང་ཁུངས་དང་འཕོ་འགྱུར། འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་གནའ་རབས་ཀྱི་རྒྱུ་ཆ་དཀོན་པོ་ཞིག་ཡིན་པར་བདེན་དཔང་སྙོམས་མེད་ཅིག་བྱས་ཡོད།
     བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་པ་ཤེས་རབ་བཟང་བོས་བཤད་རྒྱུར། ཕུ་རི་ཡིག་རྙིང་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་སུ། ཀྲུང་གོའི་ནང་ཁུལ་ནས་རྙེད་པའི་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་ཞིང་ཉར་ཚགས་བྱས་པ་ཆེས་མང་བོའི་བོད་ཡིག་གི་ཡིག་ཚང་རྙིང་བ་ཞིག་ཡིན་ལ། འདི་ཉིད་གསར་རྙེད་བྱུང་བ་ནི་དངོས་གནས་བྱ་བཞག་ཡག་པོ་ཞིག་རེད།
     2002ལོར་བོད་ལྗོངས་གཉའ་ལམ་རྫོང་གི་ཕུ་རུ་གྲོང་ཚོའི་སྡེ་དམངས་ཤིག་གིས་ཞིང་ནང་ནས་ས་སློག་སྐབས་གནའ་བོའི་ཤོག་རྙིང་སྐོར་ཞིག་ཕྱིར་བཏོན་པ་རེད། འོན་ཀྱང་དེ་ལ་གདེང་འཇོག་དང་དོ་ཁུར་བྱེད་མཁན་མ་བྱུང་བས། ས་འོག་ནས་ལོ་ངོ་དྲུག་བརྒྱའམ་བདུན་བརྒྱ་ལྷག་ལ་སྦས་པའི་རྩ་ཆེའི་ཡིག་ཚང་འདི་ཉིད་ལུས་སོང་བ་རེད།
     ངས་ཐེངས་དང་བོར་ཡིག་ཚང་འདི་ཉིད་མཐོང་དུས། བསྡུ་ཉར་བྱེད་པའི་རེ་བ་ཤིན་ཏུ་ཆུང༌། སྐབས་དེར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གིས་བསྡུ་རུབ་བྱ་སྐབས་ཡིག་ཚང་ཤིན་ཏུ་རྙོག་དྲ་ཆེ་ལ། ཞིབ་འཇུག་པ་དག་གིས་དག་སྒྲིག་བྱས་རྗེས། སྤྱི་བསྡོམས་པའི་ཤོག་ངོས་ཁྲི་གཅིག་དང་སྟོང་གཉིས་ལྷག་ཡོད་པའི་ཡིག་ཚང་ཞིག་གསར་རྙེད་བྱུང་ཡོད་ལ། ཤོག་ངོས་ཁྲི་ལྷག་ཡོད་པའི་གནའ་དཔེ་ལེགས་པོ་ཞིག་ཁྱོན་ནས་བསྡུ་སྒྲིག་བྱ་ཐུབ་སོང༌།
     སློབ་གྲྭས་ཆེད་ལས་མཁས་པ་གདན་ཞུ་མཛད་དེ་གསལ་འབྱེད་བྱས་རྗེས།འདི་དག་ནི་གནའ་རབས་ཀྱི་བོད་ཀྱི་སྣག་ཚ་དང་ཤོག་བུའི་སྟེང་བྲིས་པའི་ཡིག་ཚང་ཞིག་ཡིན་ལ། ཧ་ལམ་དུས་རབས8ནས14བར་དུ་བྱུང་བ་ཞིག་རེད།ཤོག་བུ་འདི་དག་ནི་ལྟེབ་ཆགས་མང་བོར་སོང་བ་དང་ཤོག་བུ་ཐར་འཐོར་ཅན་དུ་ཆགས། དེའི་ཁྲོད་ཀྱི་གསང་བ་ལྐོག་གྱུར་གྱི་དམོད་ཚིག་སྐོར་ཞིག་ནི་ བོད་ལྗོངས་ས་གནས་ཀྱི་སྟོབས་ཤུགས་སིལ་བུར་འཐོར་སྐབས། དམངས་ཁྲོད་ཀྱི་ཆོས་ལུགས་ཁག་གི་ཆོ་ག་ཡིན་པར་མ་ཟད། ལོ་རྒྱུས་འདི་དག་གི་ཁྲོད་དུ་བྱུང་བའི་ཆོས་ལུགས་ནི་སྔོན་མའི་ཡིག་ཚང་གཞན་དག་ཏུའང་ཞིབ་གསལ་ངང་བཀོད་ཡོད་པ་རེད།
     དེ་ལ་རིན་ཐང་ཆེས་ཆེ་བ་ནི2010ལོའི་ཐེངས་གསུམ་པའི《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེ་གྲགས་ཅན》དུ་བདམས་པ་རེད། འདིའི་ཁྲོད་དུ་གནའ་བོའི་འགྱུར་ཡིག་གི་པར་གཞིའང་ཡོད་པ་རེད། ཞེས་ཤེས་རབ་ནོར་བུས་འདི་ལྟར་གསལ་བརྗོད་བྱས།
     ལེགས་སྒྲིག་མ་བྱས་གོང་གི་ཕུ་རི་ཡིག་རྙིང་སྲུང་སྐྱོབ་གང་ལེགས་བྱེད་ཆེད། བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ལོ་ལྔ་ལྷག་གི་སྔ་གཞུག་ཏུ་བྱ་བ་མང་བོ་ཞིག་བསྒྲུབས་པ་རེད། གཅིག་ནི་སྲུང་སྐྱོབ་ལེགས་སྒྲིག་བྱེད་པ་ཡིན། ཁྱོན་ཡོངས་ནས་ཐ་ཐོར་དུ་གྱུར་བའི་ཆོས་དཔེའི་ཤོག་བུའི་རིང་ཐུང་དང་ཁ་མདོག པར་རྣམ། པར་གཞི(དཔེར་ན་བྲིས་དཔེ་དང་ཤིང་དཔར)སྣག་ཚའི་མདོགཡིག་གཟུགས་ཀྱི་ཁྱད་ཆོས་ལ་ཡང་དང་ཡང་དུ་དབྱེ་སྟངས་ཞིབ་ཚགས་བྱས་རྗེས། གཟབ་ནན་སྒོས་ཀློག་འདོན་དང་དཔྱད་འདེམས། རྗེས་ནས་དཔེ་ཆ་གཅིག་ལ་གཏོགས་པའི་ཤོག་ངོས་ཡོད་ཚད་གཞི་གཅིག་ཏུ་བསྡུས་པ་དང༌། ཤོག་བུའི་ཨང་གྲངས་ཀྱི་གོ་རིམ་ལྟར་བསྐྱར་དུ་གྲལ་བསྒྲིགས་ཏེ། འཐུས་ཚང་གི་གནའ་དཔེ་གཅིག་གཞི་ནས་ལེགས་སྒྲིག་བྱས་པ་རེད། གནའ་དཔེ་རེ་རེའི་ལེགས་སྒྲིག་ལ་ཐེངས་བཅུ་ཕྲག་ལྷག་གི་བསྐྱར་སྒྲིག་བརྒྱུད་དེ་རིགས་དབྱེ་དཔྱད་འདེམས་བྱས། གཉིས་ནི་ཡུག་གཅིག་ཏུ་བསྡམས་ནས་དཔེ་སྒྲོམ་དུ་བཞག་པ། ཡིག་ཚང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཞིབ་ཚགས་སྒོས་བསྡམས་པ་དང་སྲོལ་རྒྱུན་གྱི་དབྱེ་སྟངས་ལྟར་ཁག་བགོས་བྱས་པ་རེད།གསུམ་ནི་དཀར་ཆག་བཟོས་པ། ཤོག་ངོས་ཨང་གྲངས་འཛོམས་མིན་ལ་བརྟག་དཔྱད་བགྱིས་ཏེ། ཤོག་གྲངས་ཀྱི་ཐད་ནས་སྤྱིའི་ཤོག་གྲངས་ཀྱི60%ཟིན་པའི་ཡིག་ཚང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དཀར་ཆག་བཟོས་པ་ཡིན། བཞི་ནི་ལེགས་སྒྲིག་ཞིབ་འཇུག་བྱས་པ། རྩོམ་ཡིག་ཁྲོད་ཀྱི་རིན་ཐང་བྲལ་བའི་གནའ་དཔེ་དང་ལྷག་པར་དུ་སྣ་གཅིག་དཔེ་རྙིང་དང་པར་ཉམས་དཔེ་རྙིང་ལ་རྩོམ་པ་པོ་དང་བརྒྱུད་རིམ་སོགས་ཀྱི་དབྱེ་ཚུལ་བགར་ནས་རྩོམ་ཡིག་ཤོག་དྲིལ་ལེགས་སྒྲིག་བྱས་པ་ཡིན། ལྔ་ནི་མྱུར་སྐྱོབ་དང་འགེབས་སྲུང་བྱས་པ། དེང་རབས་ཀྱི་ལག་རྩལ་བེད་སྤྱོད་བྱས་ཏེ་དལ་བའི་རིགས་ཀྱི་སྲུང་སྐྱོབ་དང་བསྐྱར་གསོ་རིགས་ཀྱི་སྲུང་སྐྱོབ་བྱས་པ་ཡིན།
     དལ་བའི་རིགས་ཀྱི་སྲུང་སྐྱོབ་ནི་མ་ཡིག་ལ་འགྱུར་བཅོས་མ་བཏང་བའི་གནས་སྟངས་འོགརྩོམ་ཡིག་བསྡུ་སྒྲིག་བསྐྱར་གསོ་བྱ་ཐུབ་པ་དང་བརྟན་ཆགས་དང་བསྒྱུར་བཀོད་བྱ་ཐུབ་པའི་སྲུང་སྐྱོབ་རྣམ་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་ཡིག་གི་རྒྱུན་སྐྱོང་ཐུབ་པ་དེ་འདྲ་ཞིག་ལ་ཟེར་བ་ཡིན། བསྐྱར་གསོ་སྲུང་སྐྱོབ་ནི་རྩོམ་ཡིག་གཅེས་བཏུས་གློག་བསྡུ་བརྡ་སྟོན(གློག་སྡུད་བརྡ་སྟོན་བྱ་ མི་ཐུབ་པ་པར་བརྒྱབ་པ)དང་ཡི་གེ་བཏགས་ནས་གྲངས་མཛོད་བཟོས་ཏེ། སྲུང་སྐྱོབ་བྱ་བའི་དམིགས་ཡུལ་ཡོངས་འགྲུབ་བྱས་ནས་རྗེས་ཕྱོགས་ཀྱི་རྒྱུ་ཆ་འཚོལ་ཞིབ་ལེགས་པོ་བྱས་ཏེ་རིག་གཞུང་ཞིབ་འཇུག་ལ་རྨང་གཞི་བརྟན་པོ་བསྐྲུན་ཡོད།
     རྒན་ཤེས་རབ་བཟང་བོས་ང་ཚོར་བཤད་རྒྱུར། ཕུ་རི་གྲོང་ཚོ་ནི་འགྲིམས་འགྲུལ་སྟབས་མི་བདེ་བའི་རི་གྲོང་ཞིག་ཡིནན་ཡང༌། འོན་ཏེ་གུང་ཐང་རྒྱལ་རབས་ཀྱི་དུས(དུས་རབས10ནས13བར)ནི་འཕེལ་རྒྱས་མགྱོགས་པའི་རྫོང་ཁག་བཅུ་གསུམ་གྱི་ཡ་གྱལ་ཞིག་ཡིན།
     གུང་ཐང་རྒྱལ་རྒྱལ་རབས་སུ་བཀོད་པ་ལྟར་ན། གུང་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་ཕུ་རུ་གྲོང་ཚོ་དངོས་སུ་གཞི་ཆགས་པ་དང༌། ཡོན་རྒྱལ་རབས་ཀྱི་དུས་སུ་འགྲོ་མགོན་འཕགས་པ་བླ་མར་གྱུར་བའི་ནང་ཆོས་སྨྲ་བ་དང་ལོ་ཙཱ་བ་མང་བོ་སྤྱན་དྲངས་ནས་དམ་པའི་ཆོས་འཆད་པ་དང་བརྩམས་ཆོས་གྲགས་ཅན་མང་བོ་སྤེལ་བ་རེད། དུས་རབས13དུས་སུ་ཕུ་རུ་གྲོང་ཚོ་ནི་མིང་དུ་གྲགས་པའི་ནང་ཆོས་ཀྱི་གནས་ཆེན་ཞིག་ཡིན། འོན་ཀྱང་དུས་རབས15བར་གུང་ཐང་རྒྱལ་རབས་རྒུད་པ་དང་ཕུ་རུ་གནས་མཆོག་ཀྱང་ཉམས་དམས་སུ་གྱུར་བ་རེད། ལོ་ངོ་དྲུག་བརྒྱ་ལྷག་གི་རིང་ལ་མི་གཅིག་གིས་ཀྱང་གནས་འདིའི་གཟི་འོད་ཚོར་མ་ཐུབ་པར་རང་སར་ལུས་སོང༌། ཕུ་རི་ཡིག་རྙིང་ཀྱི་བརྗོད་དོན་ཕུན་སུམ་ཚོགས་ཤིང་ནང་ཆོས་ཀྱི་ཆོ་ག་དང་ཆོས་དཔེ་རྙིང་བ། སྙན་ཚིགམི་སྣའི་རྟོགས་བརྗོད་སོགས་བོད་མི་དམངས་ཀྱི་སྐད་དང་ཡི་གེཡུལ་སྲོལ་གོམས་གཤིས།ཆོས་ལུགས་དང་དད་མོས་སོགས་ཕྱོགས་མང་བོའི་རིན་ཐང་ཡོད་པའི་གནའ་བོའི་རྒྱུ་ཆ་མང་བོ་ཉར་ཚགས་བྱས་ཡོད།
     ཏུང་ཧོང་རིག་གནས་ལ་རིག་གཞུང་ཞིབ་འཇུག་གི་རིན་ཐང་ལྡན་ན་ཡང༌། 《ཕུ་རི་ཡིག་རྙིང་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཚད་ལྡན་ཡིན།དེའི་ཁྲོད་ཀྱི་བོད་གནའ་རབས་ཀྱི་ཆོས་ལུགས་ཀྱི་ཆོ་ག་དང་མཚོན་བྱེད་རི་མོ་སོགས་ནི་བོད་ཀྱི་ནང་ཆོས་རིག་གནས་ཀྱི་འབྱུང་ཁུངས་ལ་དང་འཕོ་འགྱུར།འཕེལ་རྒྱས་ལ་འཚོལ་ཞིབ་བྱེད་པར་གནའ་རབས་ཀྱི་ཤུལ་དངོས་རྒྱུ་ཆ་ སྲིད་ན་དཀོན་པ་ཞིག་ང་ཚོར་མཁོ་སྤྲོད་བྱས་ཡོད་པ་རེད།
     མིག་སྔར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཧུར་ཐག་གིས《ཕུ་རི་ཡིག་རྙིང་》དངོས་སུ་པར་ བསྐྲུན་བྱེད་པར་གྲ་སྒྲིག་གང་ལེགས་མཛད་བཞིན་ཡོད་པར་མ་ཟད།མི་སྣ་རྩ་འཛུགས་ཞིབ་ཚགས་བགྱིས་ནས《ཕུ་རི་ཡིག་རྙིང》མྱུར་སྐྱོབ་དང་འཕེལ་རྒྱས་བྱ་བའི་ཐད་ནས་བརྗོད་གཞི་གལ་ཆེན་སྤེལ་ཏེ། རིག་གཞུང་ཞིབ་འཇུག་བྱ་བ་སྤེལ་བར་ཁོ་རང་ཚོས་ཧུར་བརྩོན་གནང་བཞིན་མཆིས་སོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...