སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྒོ་བྱང་ལེགས་བཅོས་སྐོར་གྱི་གྲོས་འདེབས།
རྩོམ་པ་པོ། གཟུ་བོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-8-31 9:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

  ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་རྩ་ཁྲིམས་ལྟར་རང་གི་སྐད་ཡིག་བེད་སྤྱོད་དང་ཡར་རྒྱས་སུ་གཏོང་རྒྱུ་ནི་རང་འགན་རང་ལ་བབ་པའི་ལས་གལ་བོ་ཆེ་ཞིག་ཏུ་མཆིས་མོད། བོད་ཡིག་ནི་གང་འདོད་འདོད་དང་ཅི་དྲན་དྲན་བྱས་ནས་འབྲི་ཆོག་པ་ཞིག་ཏུ་གྱུར་འདུག་པ་ནི་ང་ཚོས་རང་འགན་མ་ཐེག་པའི་སྐྱོ་གར་ཞིག་ཏུ་མཐོང་། དེ་ལྟར་འདོད་མཁན་ང་ཙམ་མ་ཡིན་པར་བོད་ཡིག་གི་ཕྱིར་དུ་ན་ཟུག་ཡོད་པ་མང་བོས་ས་གནས་སོ་སོའི་སྒོ་བྱང་གཙོས་འབྲུ་མ་དག་པ་མང་བོ་པར་བླངས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱས་སོང་དང་དམའ་འབེབ་བྱས་སོང་སོགས་སྐད་འབོད་སྣ་ཚོགས་བྱེད་བཞིན་པར་ཡི་རངས་བྱ་དགོས་པ་ལགས་མོད། ད་དུས་ལག་བསྟར་བྱས་ཏེ་བརྗེ་བཅོས་བྱས་པའི་གནས་ཚུལ་ཉུང་བས་ང་ཚོས་ཀྱང་འབད་པ་དོན་དུ་ཡོང་བ་ཞིག་བྱ་དགོས་པ་ནི་བྱོལ་དུ་མེད་པའི་འོས་འགན་ཞིག་ཏུ་གྱུར་འདུག 
  ད་ནི་ཅི་ལྟར་བྱ་དགོས་ཟེར་ན། ངས་འདི་ལྟར་བསམ་གྱིན་ཡོད་དེ།དཔེར་ན་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་བྱང་དུ་སྐྱོན་ཡོད་པ་ཡིན་ནའང་འབྲུ་མ་དག་པའི་རྒྱུ་མཚན་དང་ལེགས་བཅོས་བྱ་དགོས་པའི་རེ་བ།གལ་ཏེ་མ་བཅོས་ན་ས་གནས་དེའི་མི་དམངས་དང་སྐད་ཡིག་ལ་བརྩི་བཀུར་མ་བྱས་པའི་སྐྱོན་ཆ་སོགས་རྒྱ་བོད་གཉིས་ཀའི་ཡིག་ལམ་ནས་བྲིས་ཏེ་ཚོང་ཁང་དེའི་མཚོན་པའི་འབྲུ་མ་དག་པ་གང་ལ་ཡོད་ན་ལེགས་བཅོས་བྱ་བར་འབོད་སྐུལ་གྱི་བྱ་འགུལ་ཆུང་ཆུང་ཞིག་སྤེལ་ན་གྲུབ་འབྲས་ཤིག་ཏན་ཏན་ལོས་ཡོད་འདོད་ཀྱིན་ཡོདབྱ་འགུལ་དེ་ནི་ཤིན་ཏུ་ལས་སླ་བོ་ཞིག་ཡིན་ཏེ་ས་གནས་སོ་སོའི་ཤེས་ཡོད་པའི་སྡེས་སྣེ་ཁྲིད་དེ་གང་ལ་ནོར་སྐྱོན་ཡོད་སའི་ཚོང་ཁང་དང་ཟ་ཁང་སོགས་ལ་རེ་ཞུའི་ཡི་གེ་ཙམ་སྤྲད་དེ་བརྡ་ཞིག་བཏངས་བས་ཆོག  དེ་ལྟར་བྱ་རྒྱུ་ནི་ཁྱེད་ཚོ་འཇིགས་དགོས་པའི་དོན་ཅི་ཡང་མེད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དུ་མི་རིགས་སོ་སོར་སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་དབང་ཡོད་ཅེས་གསལ་བོར་བཀོད་ཡོད་པ་ལས་ང་ཚོའི་བྱ་འགུལ་འདི་ནི་ཕྱི་མར་གཏོགས་པ་ཡིན་པས་ཁྲིམས་མཐུན་ལུགས་མཐུན་ཡིན་པ་མ་ཟད་ང་ཚོའི་མཐོང་ལམ་གྱི་སྐད་ཡིག་མ་དག་པ་རྣམས་ལེགས་བཅོས་བྱ་བར་སྨན་པའི་ཐབས་ལེགས་ཤོས་ཤིག་ཀྱང་ཡིན་པར་སེམས་སོ། །
  རེ་ཞུ་ཕུལ་སྟངས།
  གུས་པར་འོས་པའི༼  ༽སྤྱི་གཉེར་བ་ལགས།ཁྱེད་ཀྱི་སྒོ་བྱང་གི་ངོས་སུ༼  ༽ཞེས་བྲིས་པར་ནོར་སྐྱོན་བྱུང་འདུག་སྟེ༼  ༽ཞེས་འབྲི་དགོས་པ་ཡིན་པས་ཁྱེད་ཀྱིས་ང་ཚོ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་ཉེས་བཅོས་མི་བྱ་བར་གཙོ་འཛིན་མའོ་ཀྲུས་ཞི་མཆོག་གིས"གྲངས་ཉུང་མི་རིགས་ཁག་གི་རིག་གནས་དང་ཆོས་ལུགས་གོམས་གཤིས་བཅས་ལ་བརྩི་འཇོག་བྱེད་དགོསཞེས་བླང་བྱ་བཏོན་པ་ལྟར་མྱུར་བར་བརྗེ་བཅོས་བྱ་བའི་རེ་བ་ཞུ་ཞུ། ཞེས་རེ་ཞུ་ཕུལ་ན་དེས་ཆོག་པར་འདོད་མོད་རྒྱ་ཡིག་ཡོད་ན་ལྷག་ཏུ་བཟང་སྙམ།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...