སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཉག་རོང་ཕྱོགས་ཀྱི་སྤང་རིང་ཟམ་པ།
རྩོམ་པ་པོ། ལིའུ་ཡིས་པིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-9-13 9:33:00 རྩོམ་ཁུངས། ཁམས་པའི་འཛུམ་རིས་ལས་བཏུས། ཀློག་གྲངས།

ཉག་རོང་ཕྱོགས་ཀྱི་སྤང་རིང་ཟམ་པ།
སྤང་རིང་ཟམ་པ།

     སྤང་རིང་ཟམ་པ་ནི་ཉག་རོང་རྫོང་གི་ལྔ་ཤང་གི་ཁོངས་སུ་ཡོད་ལ་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་འགོ་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ས་གནས་དེའི་མི་སེར་རྣམས་རྩ་འཛུགས་བྱས་ཏེ་བཞེངས་པ་ཡིན་ལ། རྒྱལ་ཡོངས་ཀྱི་རྩ་ཆེ་བའི་རིག་དངོས་སྲུང་སྐྱོབ་བྱེད་ཡུལ་ཡིན།
     སྤང་རིང་ཟམ་པ་ནི་ཉག་ཆུའི་ཐོག་གི་བོད་ལུགས་ལྟར་ཤིང་རྡོ་ལས་གྲུབ་པའི་ཟམ་པ་གཅིག་ཁོ་ན་དེ་ཡིན་པས་ཁམས་པའི་ཟམ་པ་དང་པོ་ཞེས་སྐད་གྲགས་ཡོད། ཟམ་པ་དེ་ནི་ཟམ་གདན་དང་ཟམ་ངོས། ཟམ་པའི་ལྡིང་ཁང་བཅས་ལས་གྲུབ་སྟེ་རིང་ཚད་ལ་སྨི120དང་ཞེང་ཚད་ལ་སྨི3ཡོད་ལ། ལག་དཔུང་བརྐྱངས་པ་ལྟར་ཉག་ཆུའི་ཐོག་ལ་བསྲིངས་བ་ཡིས་བོད་མི་རིགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་དང་གནའ་དུས་ཀྱི་འཛུགས་སྐྲུན་བཟོ་རྩལ་མཚོན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...