སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྐོར་ལྕགས་རྟ་འགྲན་རིམ་བཞི་བའི་ཁྲོད་ཨུ་རུ་སུའུ་ཡི་ལུས་རྩལ་པ་དབྱི་ཝན་ལ་བྱ་དགའ་ཨང་དང་པོ་ཐོབ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-7-9 11:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྐབས་བཅུ་བཞི་བའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་བཞི་བ་སྟེ་མཚོ་སྔོན་པོ་ནས་རྐང་ཚ་རུ་རྒྱུག་པ།

སྐབས་བཅུ་བཞི་བའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་བཞི་བ་སྟེ་མཚོ་སྔོན་པོ་ནས་རྐང་ཚ་རུ་རྒྱུག་པའི་འགྲན་སྡུར་སྤེལ།
མཚོ་སྐོར་ལྕགས་རྟ་འགྲན་རིམ་བཞི་བའི་ཁྲོད་ཨུ་རུ་སུའུ་ཡི་ལུས་རྩལ་པ་དབྱི་ཝན་ལ་བྱ་དགའ་ཨང་དང་པོ་ཐོབ།

     སྤྱི་ཟླ7པའི་ཚེས8ཉིན། 2015ལོའི་སྐབས་བཅུ་བཞི་བའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་བཞི་བ་སྟེ་མཚོ་སྔོན་པོ་ནས་རྐང་ཚ་རུ་རྒྱུག་པའི་འགྲན་སྡུར་སྤེལ།
     འགྲན་རིམ་ཁྲོད། ཨུ་རུ་སུའུ་ཡི་ལའོ་སི་ཝེ་ལོ་རུ་ཁག་གི་དབྱི་ཝན་གྱིས་དུས་ཚོད4དང་སྐར་མ33དང་སྐར་ཆ57གྱི་གྲུབ་འབྲས་ལས་བྱ་དགའ་ཨང་དང་པོ་དང་། ཝུ་ཁི་ལན་ཁི་ཨར་སི་རུ་ཁག་གི་མིས་ཧྭ་དབྱི་ལའོ་ལ་ཨང་གཉིས་པ། སི་ལའོ་ཝུན་ཉི་ཡཱའི་ཨེ་ཏི་ལིས་ཡཱ་མའོ་པར་རུ་ཁག་གི་མཱ་ཁི་ལ་ཨང་གསུམ་པ་ཐོབ།
     འགྲན་རིམ་བཞི་བའི་སྤྱིའི་རིང་ཚད་ལ་སྤྱི་ལེ185ཡོད་པ་དང་། མཚོ་ངོས་ལས་མཐོ་ཚད་ཆེས་དམའ་ས་ནི་འགྲན་སྡུར་མགོ་རྩོམ་ས་ཡིན་ཞིང་མཐོ་ཚད་ལ་ཧ་ལམ་སྨི3140དང་། ཆེས་མཐོ་ས་ནི་འགྲན་ལམ་གྱི་མཇུག་རྫོགས་ས་ཡིན་ཞིང་མཐོ་ཚད་ལ་ཧ་ལམ་སྨི3300ཙམ་ཡོད། ལུས་རྩལ་པ་རྣམས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་ནས་རྒྱུག་མགོ་བརྩམས་ཏེ་མཚོ་སྐོར་ལམ་རིམ་ཕྱེད་ཀར་རྒྱུག་ཅིང་། ལམ་བར་དུ་རྟ་ནག་མ་ཡུལ་ཚོ་དང་བྱ་གླིང་། ཁྱོན་རྒྱས་བཅས་སུ་བརྒྱུད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...