སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་ལྔ་བའི་ཁྲོད་སི་ལོ་ཝུན་ཉི་ཡའི་ཕུ་ལེ་མའོ་སུར་ཨང་དང་པོ་ཐོབ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-7-9 16:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་སྐོར་ལྕགས་རྟ་འགྲན་པའི་ལམ་བར་དུ།


མཚོ་སྐོར་ལྕགས་རྟའི་འགྲན་རིམ་ལྔ་བ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་ནས་
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་འབྱོར་བ།

མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་ལྔ་བ་སྟེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་རྒྱུག་པ
བྱ་དགའ་ཐོབ་མཁན་གྱི་ལྕགས་རྟ་བ།

     སྤྱི་ཟླ7པའི་ཚེས9ཉིན། 2015ལོའི་སྐབས་བཅུ་བཞི་བའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་ལྔ་བ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་རྒྱུག་པའི་འགྲན་སྡུར་སྤེལ།
     ཆུ་ཚོད3རིང་འགྲན་བསྡུར་བྱས་པར་བརྒྱུད། འགྲན་རིམ་འདིའི་ཁྲོད་སི་ལོ་ཝུན་ཉི་ཡའི་ཨེ་ཏི་ལི་ཡ་མོ་པེར་རུ་ཁག་གི་ཕུ་ལེ་མའོ་སུ་ཡིས་ཆུ་ཚོད2དང་སྐར་མ57དང་སྐར་ཆ53གྱི་གྲུབ་འབྲས་ལས་བྱ་དགའ་ཨང་དང་པོ་དང་། ཨང157པ་ཐེ་པེའེRTSསིན་ཏེ་ཁི་རུ་ཁག་གི་ཧོའུ་སེ་ཨིན་གྱིས་ཨང་གཉིས་པ་དང་། ཨང207པ་ཉིན་ཤཱ་ཐེ་ཚད་ཧྥུ་ཁི་སི་རུ་ཁག་གི་ཁི་ལོ་ལཱ་ཏོའོ་ཡིས་ཨང་གསུམ་པ་བླངས།
     འགྲན་རིམ་ལྔ་བའི་ལམ་ཐག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ133དང་གདོང་རྒྱུག་བྱེད་གནས་གཉིས་ཏེ་སྤྱི་ལེ41.6གི་མཚོ་ཤར་ཕྱུགས་རྒྱུད་ར་བ་དང་སྤྱི་ལེ77.3གྱི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྒོ་ཁ་གཉིས་ཡིན། འགྲན་རིམ་འདིར་བསྡོམས་པས་འགྲན་ཞུགས་པ130ཡོད་ཅིང་། སྔ་དྲོའི་ཆུ་ཚོད10:00ཡི་སྟེང་དངོས་སུ་མགོ་བརྩམས།
     སྤྱི་ཟླ7པའི་ཚེས10ཉིན། 2015ལོའི་སྐབས་བཅུ་བཞི་བའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དྲུག་པ་དེ་གསེར་ཆེན་རྫོང་ནས་ཁྲི་ཀ་རྫོང་དུ་རྒྱུག་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...