སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དྲུག་པར་མཱ་ཁིས་ཨང་དང་པོ་བླངས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-7-10 15:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དྲུག་པར་མཱ་ཁི་ལས་ཨང་དང་པོ་བླངས།
མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དྲུག་པར་མཱ་ཁིས་ཨང་དང་པོ་བླངས།

     སྤྱི་ཟླ7པའི་ཚེས10ཉིན། 2015ལོའི་སྐབས་བཅུ་བཞི་བའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དྲུག་པ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་ནས་ཁྲི་ཀ་རྫོང་དུ་རྒྱུག་མཐར། ཨང141པ་སྟེ་སི་ལོ་ཝུན་ཉི་ཡའི་ཨེ་ཏི་ལེ་ཡཱ་མོར་རུ་ཁག་གི་མཱ་ཁི་ཡིས་ཆུ་ཚོད3དང་སྐར་མ13། སྐར་ཆ06ཡི་གྲུབ་འབྲས་ལས་འགྲན་རིམ་འདིར་བྱ་དགའ་ཨང་དང་པོ་བླངས་པ་དང་། ཨང22པ་སྟེ་དབྱི་ཐཱ་ལིའི་ཤར་ལྷོ་རུ་ཁག་གི་པེར་ཐཱ་ཙོས་ཨང་གཉིས་པ་དང་། ཨང31པ་སྟེ་ཨུ་རུ་སུའི་ལོ་སི་ཝུ་ལོ་རུ་ཁག་གི་དབྱི་ཝན་གྱིས་ཨང་གསུམ་པ་བླངས།
     འགྲན་རིམ་དྲུག་པའི་ལམ་ཐག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ138དང་། གདོང་རྒྱུག་བྱེད་གནས་གཉིས་ཏེ་སྤྱི་ལེ75.4ཡི་ཆུ་ནག་སྦལ་ཁ་ཐང་དང་སྤྱི་ལེ117.8ཀྱི་ལ་ཟེ་བ་གྲོང་རྡལ་གཉིས་ཡིན། འགྲན་རིམ་འདིར་མགོ་རྩོམ་སའི་མཚོ་ངོས་མཐོ་ཚད་ནི་སྨི2800དང་ལམ་བར་དུ་ཆེས་མཐོ་བའི་མཚོ་ངོས་མཐོ་ཚད་སྨི3777ཡིན། དེར་མཐུད་དེ་མཚོ་ངོས་མཐོ་ཚད་རིམ་བཞིན་མར་བབས་ཏེ་མཐའ་གནས་སུ་མཚོ་ངོས་མཐོ་ཚད་སྨི2200ཡིན།
     སྤྱི་ཟླ7པའི་ཚེས11ཉིན། 2015ལོའི་སྐབས་བཅུ་བཞི་བའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་བདུན་པ་དེ་ཁྲི་ཀ་རྫོང་ནས་ཡ་རྫི་རྫོང་དུ་རྒྱུག་རྒྱུ་རེད།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...