སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྤེན་པ་བཀྲ་ཤིས་ལ་མཚོ་ཤར་རྒྱལ་སྤྱིའི་བྲག་འཛེག་གི་ཕུལ་བྱུང་ཅན་གྱི་འགྲན་བསྡུར་ཁྲོད་ཨང་གསུམ་པ་ཐོབ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-8-5 9:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྤེན་པ་བཀྲ་ཤིས་ལ་མཚོ་ཤར་རྒྱལ་སྤྱིའི་བྲག་འཛེག་གི་ཕུལ་བྱུང་ཅན་གྱི་འགྲན་བསྡུར་ཁྲོད་ཨང་གསུམ་པ་ཐོབ།

     སྤྱི་ཟླ7པའི་ཚེས28ནས་ཚེས29ཉིན་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས་དང་ཀྲུང་གོའི་རི་འཛེགས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་རོགས་སྒྲུབ་བྱས་པའི2015ལོའི་རྒྱལ་སྤྱིའི་མཐོ་སྒང་བྲག་འཛེགས་འགྲན་བསྡུར་དེ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་དུ་སྤེལ་ཞིང་། ཀྲུང་གོ་དང་། སི་ཕན། ཨུ་རུ་སུ། ཁོ་རེ་ཡ། མཱ་ལེ་ཞི་ཡ་སོགས་རྒྱལ་ཁབ11དང་ས་ཁུལ་གྱི་ལུས་རྩལ་པ39ཐེངས་འདིའི་རི་འཛེགས་འགྲན་བསྡུར་དུ་ཞུགས།
     སྤྱི་ཚེས29ཉིན། 2015ལོའི་ཀྲུང་གོའི་མཚོ་ཤར་ས་མཐོའི་རྒྱལ་སྤྱིའི་བྲག་འཛེག་གི་ཕུལ་བྱུང་ཅན་གྱི་འགྲན་བསྡུར་དུ་ཀྲུང་གོའི་བོད་ལྗོངས་ཀྱི་འགྲན་ཞུགས་པ་སྤེན་པ་བཀྲ་ཤིས་ཀྱིས18'19''ཡི་གྲུབ་འབྲས་ལས་རྣམ་གྲངས་འདིའི་བྱ་དགའ་ཨང་གསུམ་པ་ཐོབ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...