སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་དམངས་སྲོལ་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སྤེལ།
རྩོམ་པ་པོ། བོང་སྟག་རི་ལུ། ལྕགས་འབུམ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-8-6 9:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

གཏེར་ལམ་རྫོང་ཆུ་ཁོལ་ཞང་གི་དམངས་སྲོལ་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སྤེལ།
གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་དམངས་སྲོལ་ལུས་རྩལ་འགྲན་ཚོགས་
སྐབས་དང་པོ་སྤེལ།


གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་དམངས་སྲོལ་ལུས་རྩལ་འགྲན་ཚོགས་
སྐབས་དང་པོ་སྤེལ།

     ཉེ་ཆར། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་དམངས་སྲོལ་ལུས་རྩལ་འགྲན་སྡུར་སྣ་ཚོགས་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཆེད་དུ། གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་དམངས་སྲོལ་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་བཀྲ་ཤིས་ཆོས་སྒང་དུ་བསྡུས་ཤིང་། གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་འགོ་གཙོ་སྟག་ཁོ་ཡིས་གཏམ་བཤད་སྤེལ་རྗེས་རིག་རྩལ་འཁྲབ་སྟོན་མགོ་བརྩམས་པ་དང་། དེར་ཕེབས་ཀྱི་འགོ་ཁྲིད་དག་གིས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཉམས་སུ་མྱོང་།
     ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དེ་བོད་པའི་སྲོལ་རྒྱུན་གྱི་དམངས་གླུ་སྟེ《སྟོད་ཀྱི་རི་རྒན་སྨུག་པ་ཅན》ཞེས་པའི་གླུ་ངག་གི་འགྱུར་ཁུགས་ཁྲོད་ནས་མགོ་བརྩམས་ཤིང་།ཆུ་ཁོལ་ཡུལ་ཚོའི་སྡེ་བ་གསུམ་སྟེ་རྫ་དམར་སྡེ་བ་དང་། བྲག་དཀར་སྡེ་བ། གསེར་ཐང་སྡེ་བ་བཅས་ཀྱི་མང་ཚོགས་ཀྱིས་གྲ་སྒྲིག་བྱས་པའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་སྟེ། གླུ་དང་། གླུ་དབྱངས། ཞབས་བྲོ། རྡུང་ལེན་སོགས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཀྱིས་གནས་དེ་ལ་འཛོམས་པའི་ལྟད་མོ་བ་སུམ་སྟོང་ལྷག་གི་མིག་གི་དབང་བོ་དང་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག
     གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་སྐབས་དང་པོའི་དམངས་སྲོལ་ལུས་རྩལ་འགྲན་ཚོགས་འདི་ལ་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ཡོད་པར་མ་ཟད། ད་དུང་དམངས་སྲོལ་གྱི་ལུས་རྩལ་འགྲན་ཚོགས་སྣ་ཚོགས་སྟེ་རྟ་རྒྱུགས་འགྲན་སྡུར་དང་། མདའ་འཕེན་འགྲན་སྡུར། ས་འགྱོག་འགྲན་སྡུར། བོད་ཀྱི་བཙུར་འགྱིག་འགྲན་སྡུར།འཇུ་བ་དང་ཐག་འཐེན་འགྲན་སྡུར་སོགས་ལུས་རྩལ་འགྲན་སྡུར་སྣ་མང་ཞིག་སྤེལ་བ་ལ་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ།
     ལུས་རྩལ་འགྲན་སྡུར་འདི་ནི་ཆུ་ཁོལ་ཡུལ་ཚོའི་སྐབས་དང་པོར་སྤེལ་བའི་རྣམ་གྲངས་ཅུང་མང་པོའི་ལུས་རྩལ་འགྲན་སྡུར་གྱི་བྱ་འགུལ་ཞིག་ཡིན་ལ། བྱ་འགུལ་འདི་སྤེལ་བ་འདིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། དམངས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་སྣ་ཚོགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནུས་པ་གང་ལེགས་ཐོན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...