སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕོར་ཐིའུ་ཀལ་འགྲན་ཚིགས་འདུར་རྒྱུག་ཏུ་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-11 9:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཕོར་ཐིའུ་ཀལ་འགྲན་ཚིགས་འདུར་རྒྱུག་ཏུ་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས་པ།


ཕོར་ཐིའུ་ཀལ་འགྲན་ཚིགས་འདུར་རྒྱུག་ཏུ་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས་པ།

     ས་གནས་དེའི་སྤྱི་ཟླ4བའི་ཚེས9ཉིན། 2016ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་དེ་ཕོར་ཐིའུ་ཀལ་ལིའོ་མཱ་ཡོའོ་རུ་སྤེལ་ཞིང་། ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ཀྱིས་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་ཁྲོད་ཆུ་ཚོད1དང་སྐར་མ27། སྐར་ཆ52ཡི་མི་སྒེར་དུས་ཚིགས་འགྲན་བསྡུར་གྱི་ཕུལ་བྱུང་གྲུབ་འབྲས་ལས་ཨང་དང་པོ་བླངས།
     འགྲན་བསྡུར་ཁྲོད། ཆོས་དབྱིངས་སྐྱིད་ཀྱི་འགྲན་ཡ་ཆེན་མོ་དེ་དབྱི་ཐ་ལིའི་མིང་གྲགས་འདུར་རྒྱུག་པ་ཀི་ཨོར་ཅི་ཡིན་ཞིང་། ཁོ་གཉིས་ཀྱིས་ཐོག་མར་གཤིབ་ནས་འགོ་ཁྲིད་པ་དང་། འགྲན་བསྡུར་གྱི་སྨད་དུ་ཆོས་དབྱིངས་སྐྱིད་ཀྱིས་འགྲན་ཡ་ལས་སྔུན་དུ་བུད་དེ་སྐར་ཆ28ཡིས་གཟེངས་སུ་ཐོན་ནས་ཨང་དང་པོ་བླངས་ལ། ཀི་ཨོར་ཅི་ཡིས་ཨང་གཉིས་པ་དང་དབྱི་ཐ་ལིའི་འགྲན་ཞུགས་པ་གཞན་ཞིག་གིས་ཨང་གསུམ་པ་བཅས་བླངས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...