སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་འཕྲེད་རྐྱལ་ཛ་དྲག་འགྲན་སློང་འགྲན་བསྡུར་སྐབས་བཅུ་བཞི་བ་སྤེལ་ལ་ཉེ།
རྩོམ་པ་པོ། སྐལ་བཟང་རིན་ཆེན། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-8 11:04:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

     གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་དང་བཅར་འདྲི་བྱས་པ་ལྟར་ན། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི"ལུའུ་ཆའོ་བུམ་པའི"རྨ་ཆུ་འཕྲེད་རྐྱལ་ཛ་དྲག་འགྲན་སློང་འགྲན་བསྡུར་སྐབས་བཅུ་བཞི་བ་དེ་ཟླ6པའི་ཚེས22ནས24བར་དུ་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་ནས་སྤེལ་རྒྱུ་རེད། 
     ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་རྐྱལ་ལུས་སྦྱོང་དོ་དམ་ལྟེ་གནས་དང་ཀྲུང་གོའི་ཆུ་རྐྱལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱིའི་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་འདུག འགྲན་བསྡུར་ནི"རྨ་ཆུ་ལ་དགའ་ཞེན་དང་ཛ་དྲག་ལ་འགྲན་སློང"ཞེས་པ་བརྗོད་གཞི་བྱེད་ཅིང་། རྒྱལ་སྤྱིའི་ཆུ་ཚད་ལྡན་ལ་མཐོ་སྒང་གི་ཁྱད་ཆོས་མངའ་བའི་ཡོངས་བསྒྲགས་ཀྱི་ཆུ་རྐྱལ་འགྲན་བསྡུར་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་པ་བརྒྱུད་དེ། ཕྱོགས་ཡོངས་ནས་རང་ཞིང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དགེ་མཚན་དང་རྔམས་མཐུག་པའི་མི་ཆོས་རིག་གནས། མདངས་བཀྲ་བའི་མི་རིགས་རིག་གནས་མངོན་པ་དང་། དེ་ལ་བརྟེན་ནས་མི་རྣམས་ཀྱིས་མ་ཡུམ་ཆུ་བོར་དོ་ཁུར་དང་གཙང་གསུམ་འབྱུང་ཡུལ་ལ་གཅེས་སྐྱོང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་བརྟན་དུ་གཏང་བ་བཅས་བདེ་ཐང་ཡར་ཐོན་གྱི་འཚོ་བའི་རྣམ་འགྱུར་ལྡན་པར་སྐུལ་སློང་བྱས་ནས་སྔར་ལས་མང་པོའི་མང་ཚོགས་རྣམས་དམངས་ཡོངས་ལུས་སྦྱོང་ཁྲོད་ཞུགས་པར་ཚུར་འགུག་བྱེད་བཞིན་ཡོད།
     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་དང་ས་ཁུལ16གི་ཆེད་ལས་ལུས་རྩལ་པ230ཞུགས་རྒྱུ་ཡིན་པར་མ་ཟད། ད་དུང་ཀྲུང་གོའི་ཆུ་རྐྱལ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཡོངས་བསྒྲགས་ཆུ་རྐྱལ་ཁྱབ་ཁོངས་ཀྱི་ཕུལ་བྱུང་ལུས་རྩལ་པ31ཆེད་དམིགས་ཀྱིས་གདན་འདྲེན་བྱས་ཡོད་པ་དང་།ཨུ་རུ་སིའི་དགུན་རྐྱལ་རུ་ཁག་གིས་མི10ཡིས་གྲུབ་པའི་ཚོ་ཆུང་ཞིག་ཀྱང་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད། དེ་ལས་གཞན་ད་དུང་རྒྱལ་ཁབ་ཕྱི་ནང་གི་ལས་ཞོར་ཆུ་རྐྱལ་དགའ་མོས་མཁན་བརྒྱ་ཕྲག་ལྷག་གིས་ཀྱང་ཆེད་ལས་ལུས་རྩལ་པ་དང་ལྷན་དུ་འགྲན་བསྡུར་བྱེད་རྒྱུ་ཡིན་འདུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...