སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྐོར་གློག་སྐུལ་རླངས་འཁོར་འགྲན་སྡུར་གྱི་ལམ་ཐག་སྤྱི་ལེ678ཡོད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-21 10:02:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
      མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་སྤྱི་ཟླ6པའི་ཚེས26ཉིན་ནས་ཚེས29ཉིན་བར། དུས་རབས་གསར་པའི་མཚོ་སྐོར་ཞིབ་དཔྱད་འགྲན་སྡུར་སྤེལ་རྒྱུ་ཡིན་པ་དང། ལམ་ཐག་ཧྲིལ་པོའི་སྤྱིའི་རིང་ཚད་ལ་སྤྱི་ལེ678ཡོད་པ་དང་། མཚོ་ངོས་མཐོ་ཚད་སྨི2000ནས4120ཡས་མས་དང་། ཁྱོན་བསྡོམས་པས་འགྲན་སྡུར་ལམ་དུམ8དང་། གློག་སྣོན་ས་ཚུགས6ཡོད་པ་རེད།
     ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དཔལ་འབྱོར་དངུལ་གཏོང་ཚོང་མོལ་གྲོས་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོའི་ཡུལ་དངོས་ཚོགས་འདུ་གཉིས་པ་དང་མཉམ་དུ་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་ལྔ་པའི་རླངས་འཁོར་གཏོང་འགོ་ཚུགས་པའི་མཛད་སྒོ་བསྡུ་རྒྱུ་རེད།
     མཚོ་སྔོན་ཟློས་གར་ཁང་ནི་ཐེངས་འདིའི་འགྲན་སྡུར་གྱི་མགོ་རྩོམ་ས་དང་མཇུག་བསྡུ་ས་ཡིན་ལ། འགྲན་སྡུར་དེ་རིག་སྨོན་གྲོང་བརྡལ་དང་། གླིང་ཆེན་མཆེ་བ་གཉིས་པ། རྟ་ནག་མ། ཚྭ་ཁ། ཐེམ་ཆེན། བྱ་གླིང་། རྐང་ཚ། རྡུལ་ཕྲན་གྲོང་། ལོ་རྒན། སྟོང་སོ་ཉག་ཆེན། མདོ་ལ། མཁར་དམར། རྒྱ་མདོ། རྣ་ལུང་ཐང་། ཟི་ལིང་བཅས་ས་ཁུལ་དུ་བརྒྱུད་པ་ཡིན།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་དུ་འགྲན་ཞུགས་པ་དག་གིས་འགྲན་སྡུར་ལམ་དུམ་གཅིག་ནས་འགྲན་སྡུར་བྱ་རྒྱུ་ཡིན་པ་དང་། བརྙན་འཕྲིན་དང་ཁ་པར། དྲ་ལམ་སྨྱན་བྱད་བཅས་སུ་དུས་མཉམ་སྒོས་ཐད་གཏོང་བྱ་རྒྱུ་རེད།
     གློག་སྒུལ་རླངས་འཁོར་དག་གི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཁྱབ་རྡལ་དང་། དེའི་མཚུངས་སུ། 4Gདྲ་རྒྱ་དང་ཐེག་ནུས་མ་ལག་ཕན་ཚུན་སྦྲེལ་མཐུད་ལ་བརྟེན། འགྲན་ཞུགས་རླངས་འཁོར་དག་གི་ཁྲོད་མཚོ་སྐོར་ལམ་ཐིག་མ་ལག་སྒྲིག་འཇུག་བྱས་ཏེ་འགྲན་ཞུགས་པ་དག་ལ་སྟབས་བདེ་བསྐྲུན་རྒྱུ་རེད།
     སྤྱི་ཟླ6པའི་ཚེས29ཉིན་གྱི་དགོང་མོར། མཚོ་སྐོར་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་དང་མཚོ་སྔོན་ཚོང་མོལ་གྲོས་ཚོགས་ཀྱི་མཇུག་བསྡུའི་མཛད་སྒོ་གཉིས་མཉམ་དུ་སྤེལ་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...