སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-28 10:24:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག ཀློག་གྲངས།

     སྤྱི་ཟླ6པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཚན་རིག་ལག་རྩལ་པུའུ། བཟོ་ལས་ཆ་འཕྲིན་པུའུ། ཀྲུང་གོ་གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གོ་རླངས་འཁོར་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་རླངས་འཁོར་བཟོ་སྐྲུན་ཞིབ་འཇུག་གླིང་། ཀྲུང་གོ་རླངས་འཁོར་དང་འཕྲུལ་རྟ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་གནང་བ། ཀྲུང་གོ་གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པ་དང་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འགན་སྒྲུབ་གནང་བའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བ་དེ་གནའ་མཁར་ཟི་ལིང་ནས་མགོ་བརྩམས།
     ཐེངས་འདིའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་དེ་སྤྱི་ཟླ6པའི་ཚེས25ཉིན་ནས་ཚེས29ཉིན་བར་མཚོ་སྔོན་པོའི་མཐའ་འཁོར་གྱི་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སྤེལ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག31གི་མགོ་ཁྲིད་དང་ཚོང་དོན་འཐུས་ཚབ་རུ་ཁག་མཚོ་སྔོན་དུ་འཛོམས་ནས་འགྲན་ཚོགས་ལ་རོལ་མྱོང་བྱ་རྒྱུ་རེད།

     འདི་ནི་རྒྱལ་ཁབ་རིམ་པའི་གློག་སྒུལ་རླངས་འཁོར་གྱི་ནུས་རྩལ་འགྲན་ཚོགས་ཤིག་ཡིན་པ་མ་ཟད། ཀྲུང་གོའི་ནུས་ཁུངས་གསར་བའི་རླངས་འཁོར་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་འགྲེམས་སྟོན་ཞིག་ཀྱང་ཡིན་ལ། འགྲན་ཚོགས་སྔ་རྗེས་སུ་སྐུ་འབུམ་དགོན་པ་བསྐོར་བའི་བྱ་འགུལ་དང་། ཁྱད་རྩལ་འཁྲབ་སྟོན། ནུས་རྩལ་འགྲན་སྡུར། འཁོར་གཏོང་མཛད་སྒོ། མཚོ་སྐོར་ནུས་རྩལ་འགྲན་སྡུར། རླངས་འཁོར་ཕྱིར་བསྡུ་མཛད་སྒོ། རྒྱུག་རྩལ་འགྲན་སྡུར་བཅས་བྱ་འགུལ་རིམ་པ་བདུན་དུ་བགོས་ནས་རིམ་པ་བཞིན་སྤེལ་རྒྱུ་རེད།
     ཐེངས་འདིའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་ཆེད། ཟླ6པའི་ཚེས23ཉིན། ཟི་ལིང་གྲོང་ཁྱེར་ཨ་ཆེན་གངས་རྒྱབ་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་འགྲན་ཚོགས་གསལ་སྒྲོག་ཚོགས་འདུ་བསྡུས་པ་དང་། རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། འགན་ལེན་སྡེ་ཁག་སོ་སོའི་འགན་འཁུར་བ། འགྲན་ཞུགས་ཚོང་ཁག་གི་འཐུས་ཚབ་པ། འགྲན་ཞུགས་རླངས་འཁོར་ཁ་ལོ་བ། སྨྱན་བྱད་ཁག་གི་མི་སྣ་དང་ལས་བཟོ་བ་སོགས་མི་གྲངས་སུམ་བརྒྱ་ལྷག་ཙམ་ཚོགས་འདུར་ཞུགས་ཤིང་། འབྲེལ་ཡོད་འགོ་ཁྲིད་མི་སྣས་ཐེངས་འདིའི་འགྲན་ཚོགས་དང་འབྲེལ་བའི་ལས་དོན་བཀོད་སྒྲིག་དང་མཉམ་འཇོག་བྱ་ཡུལ་སྐོར་ནས་གསལ་བཤད་གནང་།

     ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་གྱི་གདན་ས་ཆེན་མོ་སྐུ་འབུམ་བྱམས་པ་གླིང་དུ“འགྲོ་བ་མི་དང་རང་བྱུང་ཁམས”ཞེས་པའི་བྱ་འགུལ་སྤེལ་བ་དང་། པེ་ཅིན་རླངས་འཁོར་རྟགས་ཅནEU5དང་། པེ་ཅིན་རླངས་འཁོར་རྟགས་ཅནEX360པེ་ཅིན་རླངས་འཁོར་རྟགས་ཅནEX5ཧྲང་ཧེ་རླངས་འཁོར་རྟགས་ཅནMarvel Xཁྲང་ཅན་རྟགས་ཅནEVཀྲུང་ཐེ་རྟགས་ཅནT300EVཔིས་ཡ་ཏིས་རྟགས་ཅནEV450ཏུང་ཧྥིན་རྟགས་ཅནE70ལིན་ཐུའུ་རྟགས་ཅནK-ONE ཡིས་བེ་ཁི་རྟགས་ཅནPowerDaily EV42བཅས་གློག་སྒུལ་རླངས་འཁོར་རིགས་མི་འདྲ་བའི་འགྲན་ཞུགས་རླངས་འཁོར་བཅུ་རུ་དཔུང་བསྒྲིགས་ནས་སྐུ་འབུམ་དུ་བསྐྱོད་ཅིང་། བྱང་ཆུབ་མཆོད་རྟེན་བརྒྱད་ཀྱི་མདུན་ནས་རིགས་མི་འདྲ་བའི་གློག་སྒུལ་རླངས་འཁོར་སོ་སོ་འགྲེམས་སྟོན་གྱིས་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བའི་ཡོལ་རས་ཕྱེས།
     ཚེས26ཉིན་གྱི་ཕྱི་དྲོར། མཚོ་སྔོན་བོད་ལུགས་གསོ་རིག་རྟེན་མཛོད་ཁང་གི་ཐང་ཆེན་དུ་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བའི་ཁྱད་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་བ་དང་། པེ་ཅིན་རླངས་འཁོར་རྟགས་ཅནEU5དང་། པེ་ཅིན་རླངས་འཁོར་རྟགས་ཅནEX360པེ་ཅིན་རླངས་འཁོར་རྟགས་ཅནEX5ཧྲང་ཧེ་རླངས་འཁོར་རྟགས་ཅནMarvel Xཁྲང་ཅན་རྟགས་ཅནEV པིས་ཡ་ཏིས་རྟགས་ཅནEV450ཏུང་ཧྥིན་རྟགས་ཅནE70ལིན་ཐུའུ་རྟགས་ཅནK-ONEཡིས་བེ་ཁི་རྟགས་ཅནPowerDaily EV42བཅས་གློག་སྒུལ་རླངས་འཁོར་རིགས་མི་འདྲ་བ་དགུ་ཁྱད་རྩལ་འཁྲབ་སྟོན་སྟེང་ཚབ་ཞུགས་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...