སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐེམ་ཆེན་རྫོང་བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ་དངོས་སུ་བཙུགས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།
རྩོམ་པ་པོ། བོང་སྟག་རི་ལུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-23 9:26:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཐེམ་ཆེན་རྫོང་བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ།

     ཐེམ་ཆེན་རྫོང་བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ་ནི་སྔར་ཡོད་ཀྱི་ལུས་རྩལ་ཚོགས་པའི་སྟེང་། ད་ལོར་ལུས་རྩལ་ལ་དུངས་པ་ཟབ་པའི་བློ་མཐུན་ཆོས་དབྱིངས་བཀྲ་ཤིས་ཀྱིས་འགྲོ་ལུགས་སྣ་ཚོགས་འཐུས་ཚང་བའི་སྒོ་ནས་བསྒྲུབས་ཏེ་ད་ལོའི་སྤྱི་ཟླ4པའི་ནང་ཚོགས་པ་འདི་དངོས་སུ་གསར་འཛུགས་བྱས།


ཐེམ་ཆེན་རྫོང་བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པའི་ཚོགས་གཙོ། ཆོས་དབྱིངས་བཀྲ་ཤིས།

     མིག་སྔར། ཚོགས་པ་འདིའི་ལུས་རྩལ་གྱི་ཁོངས་གཏོགས་སུ་འཇུ་བ་དང་། ཐག་འཐེན། ས་འགྱོག་སོགས་སྲོལ་རྒྱུན་ལུས་རྩལ་ཕུན་སུམ་ཚོགས་པ་ཡོད་ལ། མིག་སྔར་རྫོང་ཡོངས་ཀྱི་ལུས་རྩལ་པ55ཚོགས་པ་འདིར་ཞུགས་ཡོད་པ་དང་། ད་སྔ་སྔར་ཡོད་ཀྱི་རྨང་གཞི་སྟེང་ལུས་རྩལ་ཚོགས་པ་འདིའི་ལུས་རྩལ་རྣམ་གྲངས་དང་མི་གྲངས་སོགས་སྔར་ལས་འཐུས་ཇེ་ཚང་དུ་གཏོང་བཞིན་པའི་སྒང་ཡིན་ལ། འདི་ཡིས་ས་གནས་ཤིག་གི་སྲོལ་རྒྱུན་ལུས་རྩལ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རྨང་གཞི་བརྟན་མོ་ཞིག་དང་། མིག་རྒྱང་རིང་བའི་ཁ་ཕྱོགས་ལེགས་པོ་ཞིག་བསྙེགས་བཞིན་པའི་སྒང་ཡིན། དུས་ཡུན་ཐུང་ངུའི་ནང་ལ་རང་ཞིང་གི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཏེ། སོ་སོར་བོང་སྟག་སྲོལ་རྒྱུན་ལུས་རྩལ་མཐུན་ཚོགས་ཀྱི་ལུས་རྩལ་བ་ལྕགས་བྱམས་ཀྱིས་སྤྱི་རྒྱ82ཅན་གྱི་འཇུ་བའི་བྱ་དགའ་ཨང་དང་པོ་དང་། ལུས་རྩལ་བ་བསྟན་འཛིན་རྒྱ་མཚོ་ཡིས་སྤྱི་རྒྱ་75ཅན་གྱི་འཇུ་བའི་བྱ་དགའ་ཨང་དང་པོ། ལུས་རྩལ་བ་རྒྱ་མཚོ་དང་དབང་པེ་གཉིས་ཀྱིས་སོ་སོར་སྤྱི་རྒྱ་75ཅན་གྱི་འཇུ་བའི་ཨང་བཞི་བ་དང་། ལུས་རྩལ་བ་ངག་དབང་རྒྱ་མཚོ་དང་། ཆོས་སྐྱོང་རྒྱལ། གྲགས་སྟོབས་རྒྱལ་སོགས་ཀྱིས་སོ་སོར་སྤྱི་རྒྱ100ཅན་གྱི་འཇུ་བའི་ཨང་གསུམ་པ་བཅས་བླངས་ལ། འདི་ནི་བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ་བཙུགས་ནས་ཐེངས་དང་པོར་ས་གནས་གཞན་དུ་བསྐྱོད་པ་ལས་འཇུ་བའི་འགྲན་སྡུར་ལ་ཞུགས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན།


བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ་ཐག་འཐེན་གྱི་བྱ་དགའ་ཨང་དང་པོ་ཐོབ།


བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པའི་ཚོགས་མི་ཉི་མ་ཡིས་གླང་ཆེན་ས་གཤགས་ཀྱི་བྱ་དགའ་ཨང་གཉིས་པ་བླངས།

     གཞན་ཡང་བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ་དེ་ད་ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་གྱི་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་སོགས་སུ་ཞུགས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་དེ། བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ་ཐག་འཐེན་གྱི་བྱ་དགའ་ཨང་དང་པོ་དང་། ཉི་མ་ཡིས་གླང་ཆེན་ས་གཤགས་ཀྱི་བྱ་དགའ་ཨང་གཉིས་པ། ངག་དབང་རྒྱ་མཚོ་ཡིས་གླང་ཆེན་ས་གཤགས་ཀྱི་བྱ་དགའ་ཨང་གསུམ་པ། མི་ལྕགས་བྱམས་ཀྱིས་འཇུ་བའི་བྱ་དགའ་ཨང་གསུམ་པ། བསྟན་འཛིན་རྒྱ་མཚོས་འཇུ་བའི་བྱ་དགའ་ཨང་བཞི་བ་བཅས་བླངས།


བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པའི་ཚོགས་མི་ངག་དབང་རྒྱ་མཚོ་ཡིས་གླང་ཆེན་ས་གཤགས་ཀྱི་བྱ་དགའ་ཨང་གསུམ་པ་བླངས།


བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པའི་ཚོགས་མི་ལྕགས་བྱམས་ཀྱིས་འཇུ་བའི་བྱ་དགའ་ཨང་གསུམ་པ་བླངས།

     ད་ལྟ་ནི་བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པ་འདིས་སྲོལ་རྒྱུན་གྱི་ལུས་རྩལ་མང་པོ་ཞིག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བཞིན་པའི་སྒང་ཡིན་ལ། འདི་ཡིས་ཐེམ་ཆེན་ས་ཁུལ་གྱི་སྲོལ་རྒྱུན་ལུས་རྩལ་སྣ་ཚོགས་སྔོག་འདོན་དང་། རྒྱུད་འཛིན། དར་སྤེལ་བཅས་གཏོང་བར་ནུས་པ་གང་ལེགས་ཐོན་ཀྱིན་ཡོད།


བོང་སྟག་སྲོལ་རྒྱུན་ལུས་རྩལ་ཚོགས་པའི་ཚོགས་མི་བསྟན་འཛིན་རྒྱ་མཚོ་ཡིས་འཇུ་བའི་བྱ་དགའ་ཨང་བཞི་བ་བླངས།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...