སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལུས་རྩལ་པ་སྟོབས་རྒྱལ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་ཞུགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-24 10:25:00 རྩོམ་ཁུངས། རྔ་བའི་གསར་འགྱུར་དྲ་བ། ཀློག་གྲངས།
     2018ལོའི་ཡ་ཅ་ཏའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་ཟིན་པ་དང་། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཐོན་པའི་གྲ་སྒྲིག་མཛད་སྒོ་སྤྱི་ཟླ8པའི་ཚེས20ཉིན་པེ་ཅིང་དུ་སྤེལ་བ་རེད།
     སྤྱི་ཟླ8པའི་ཚེས21ཉིན། རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་འབྲིང་རྒྱུག་རིང་རྒྱུག་ལུས་རྩལ་པ་སྟོབས་རྒྱལ་ཐེངས་འདིའི་ཀྲུང་གོའི་ལུས་རྩལ་པ་ཞིག་གི་ངོས་ནས་སྤྱི་ཟླ8པའི་ཚེས18ནས་ཟླ9བའི་ཚེས2བར་ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏར་སྤེལ་བའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་ནང་ཞུགས་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། རང་ལྗོངས་ནས་ལུས་རྩལ་པ1དང་སློབ་སྟོན་དགེ་རྒན1བཅས་སྤྱི་ཟླ་8པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡར་བསྐྱོད་དེ་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ལ།
     ཐེངས་འདིའི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་འགྲན་བསྡུར་སྤྱི་ཟླ8པའི་ཚེས25ཉིན་ཁྱོན་ཡོངས་ནས་འགོ་ཚུགས་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...