སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལས་ཆོས་དབྱངས་སྐྱིད་ཀྱིས་ཨང་གཉིས་པ་བླངས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-30 11:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལས་ཆོས་དབྱངས་སྐྱིད་ཀྱིས་ཨང་གཉིས་པ་བླངས།

     ཟླ8པའི་ཚེས29ཉིན། ཁ་ཅཱ་ཏཱ་རུ་བསྡུས་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་མཆོང་འཕེན་རྒྱུག་གསུམ་གྱི་སྤྱི་ལེ20ཡི་སྐྱེས་མའི་འགྲོས་འགྲན་དུ་བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ29དང་སྐར་ཆ15ཡི་གྲུབ་འབྲས་ལས་ཨང་གཉིས་པ་བླངས།


ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལས་ཆོས་དབྱངས་སྐྱིད་ཀྱིས་ཨང་གཉིས་པ་བླངས།

     འགྲན་བསྡུར་མགོ་བརྩམས་པ་ནས་བཟུང་། ཀྲུང་གོའི་ལུས་རྩལ་མ་དབྱང་ཅཱ་ཡུའུ་དང་ཆོས་དབྱངས་སྐྱིད་གཉིས་ཀྱིས་འགྲན་ཡ་གཞན་རྣམས་རྗེས་སུ་བསྐྱུར་ནས་གང་མྱུར་སྟབས་མདུན་བསྐྱོད་བྱས་ཤིང་། སྤྱི་ལེ16ལྷག་ལ་བསླེབས་དུས་ཨང་གསུམ་པ་དེ་ཁོ་མོ་གཉིས་དང་སྐར་མ་གསུམ་གྱིས་རྗེས་སུ་བསྐྱུར། འགྲན་བསྡུར་གྱི་སྤྱི་ལེ18ཀྱི་མཚམས་སུ་ཐོན་པ་ན་ཁོ་མོ་གཉིས་ཀྱིས་དཔུང་བ་མཉམ་གཤིབ་སྒོས་མཐའ་མཇུག་གི་ས་ཚིགས་སུ་བསྐྱོད་མཐར་དབྱང་ཅཱ་ཡུའུ་ཡིས་དུས་ཚོད1དང་སྐར་མ29སྐར་ཆ15དུས་ཡུན་སྤྱད་ནས་ཨང་དང་བོ་བླངས་པ་དང་ཆོས་དབྱངས་སྐྱིད་ཀྱིས་དུས་ཚོད1དང་སྐར་མ29སྐར་ཆ15ཡི་གྲུབ་འབྲས་ལས་ཨང་གཉིས་པ་བླངས། ཁོ་གཉིས་ཀྱི་འགྲན་བསྡུར་སྐར་འབྲས་གཅིག་མཚུངས་སུ་ཡོད་ནའང་ལུས་པོ་འགྲན་རྟགས་ལ་ཐུག་དུས་སྔ་གཞུག་ཅུང་ཙམ་འདུག་ཕྱིར་ཆོས་དབྱངས་སྐྱིད་ལ་ཨང་གཉིས་པ་ཐོབ་པ་རེད།


ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལས་ཆོས་དབྱངས་སྐྱིད་ཀྱིས་ཨང་གཉིས་པ་བླངས།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...