སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོའི་བཙན་པོ་རྐང་རྩེད་སྤོ་ལོ་རུ་ཁག་ལ་མཚོ་སྔོན་གྱི་འགྲན་བསྡུར་དུ་གྲུབ་འབྲས་ལེགས་པོ་ཐོབ།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-29 11:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་བཙན་པོ་རྐང་རྩེད་སྤོ་ལོ་རུ་ཁག

2018ལོར་ཐོབ་པའི་བྱ་དགའ།


མཚོ་ལྷོ་ཁུལ་བཙན་པོ་རྐང་རྩེད་སྤོ་ལོ་རུ་ཁག


མཚོ་ལྷོ་ཁུལ་བཙན་པོ་རྐང་རྩེད་སྤོ་ལོ་རུ་ཁག


2013ལོར་ཐོབ་པའི་བྱ་དགའ།

     མཚོ་ལྷོ་ཁུལ་བཙན་པོ་རྐང་རྩེད་སྤོ་ལོ་རུ་ཁག་གིས2018ལོའི་རྒྱལ་ཡོངས"ང་རྐང་རྩེད་སྤོ་ལོར་དགའ"ཞེས་པའི་མི་ལྔ་ལུགས་ཀྱི་མཚོ་སྔོན་འགྲན་ཁུལ་གྱི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ལ། སྤྱི་ཟླ10བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ་བྱང་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་དུ་ཞུགས་ཤིང་། མཐར་མཚོ་སྔོན་ཞིང་ཆེན་མི་ལྔ་ལུགས་ཀྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས། འགྲན་བསྡུར་མཇུག་སྒྲིལ་རྗེས། རུ་མི་རྣམས་ཀྱིས་ད་དུང་མུ་མཐུད་དུ་ནུས་རྩལ་མཐོར་འདེགས་སུ་གཏོང་རྒྱུ་དང་། ཞིང་ཆེན་ཕྱིའི་རྐང་རྩེད་སྤོ་ལོ་རུ་ཁག་དབར་གྱི་ཁྱད་པར་ཆུང་དུ་གཏོང་རྒྱུའི་སེམས་ཤུགས་བསྐྱེད།
     མཚོ་ལྷོ་ཁུལ་བཙན་པོ་རྐང་རྩེད་སྤོ་ལོ་རུ་ཁག་ནི2013ལོའི་ཟླ3པར་བཙུགས་ཤིང་། དམངས་ཁྲོད་ཀྱི་ལས་གསེང་རུ་ཁག་ཅིག་ཡིན་ལ། རུ་མི32ཡོངས་སུ་མཚོ་ལྷོའི་ལས་ཁུངས་དང་ཁེ་ལས་སོགས་སུ་ལས་གཉེར་བྱེད་མཁན་དང་སློབ་མ་སོགས་འདུས། ལོ་ཚད་ཆ་སྙོམས་སྒོས་ལོ22ཡིན་པ་དང་། ལོ30-35བར་གྱི་མི5དང་། ལོ20-28བར་གྱི་མི17། ལོ17-19བར་གྱི་མི10ཡོད་ཅིང་། ཆ་སྙོམས་ཀྱི་གཟུགས་གཞིའི་མཐོ་ཚད་སྨི1.78ཡིན།
སྨྱན་བྱད་སྡེ་ཁག་གིས་དྲིལ་སྒྲོག་བྱསཔའི་སྐོར།
     2013ལོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྐབས་བདུན་པའི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པརCCTV5ལུས་རྩལ་ལེ་ཚན་གྱིས་བཅར་འདྲི་བྱས་ཏེ་འགྲན་བསྡུར་གྱི་བརྙན་རིས་བཏང་བ་དང་། 2017ལོར་རྒྱལ་ཡོངས“ང་རྐང་རྩེད་སྤོ་ལོར་དགའ”ཞེས་པའི་མཚོ་སྔོན་ཞིང་ཆེན་འགྲན་ཁུལ་དུ་ཨང་དང་པོ་དང་གཉིས་པ་བླངས་པར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མིང་གྲགས་གསལ་འགྲེལ་པ་ཀྲང་ལུའུ་དང་ཅཱ་ཝེ་གཉིས་ཀྱིས་ཡུལ་དངོས་སུ་གསལ་འགྲེལ་གནང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...