སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ཤར་གྲོང་ཁྱེར་ཙོང་ཆུའི་གཟེབ་གྲུག་ཧྲག་བསྡུས་འགྲན་བསྡུར་ཡ་རྫི་རྫོང་ནས་རྒྱལ་ཁའི་ངང་མཇུག་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-1 10:08:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།


ཡུལ་དངོས།


ཨང་དང་པོ་ཐོབ་མཁན་གྱི་དཔའ་ལུང་རྫོང་གི་འཐུས་ཚབ་རུ་ཁག


ཨང་གཉིས་པ་ཐོབ་མཁན་གྱི་མཚོ་ཤར་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག


ཨང་གསུམ་པ་ཐོབ་མཁན་གྱི་ཡ་རྫི་རྫོང་གི་འཐུས་ཚབ་རུ་ཁག


ཨང་བཞི་པ་ཐོབ་མཁན་གྱི་ལུང་མདོ་རྫོང་གི་འཐུས་ཚབ་རུ་ཁག


ཨང་ལྔ་པ་ཐོབ་མཁན་གྱི་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འཐུས་ཚབ་རུ་ཁག


ཨང་དྲུག་པ་ཐོབ་མཁན་གྱི་བཀའ་མ་ལོག་རྫོང་གི་འཐུས་ཚབ་རུ་ཁག


ཕུལ་བྱུང་ལུས་རྩལ་པ།

     2019ལོའི་ཟླ2པའི་ཚེས22ཉིན།མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་ཤར་གྲོང་ཁྱེར་ལྷན་ཚོགས། མཚོ་ཤར་གྲོང་ཁྱེར་ལུས་རྩལ་ཚོགས་སྤྱི་བཅས་ཀྱིས་འགན་སྒྲུབ། ལུང་མདོ་ཁུལ་རིག་གནས་ཡུལ་སྐོར་ལུས་རྩལ་ཅུའུ། ཡ་རྫི་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུའུ། མཚོ་ཤར་གྲོང་ཁྱེར་གཟེབ་གྲུག་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི 2019ལོའི“མཚོ་སྔོན་གྱི་ལོ་གསར། མཚོ་ཤར་གྱི་སྤྲོ་སྐྱིད།”ཅེས་པའི་ཕྲེང་བསྟར་བྱ་འགུལ་ལས་མཚོ་ཤར་གྲོང་ཁྱེར་ཙོང་ཆུའི་གཟེབ་གྲུག་ཧྲག་བསྡུས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་ཡ་རྫི་རྫོང་གི་ལུས་རྩལ་ཐང་ཆེན་གྱི་གཟེབ་གྲུག་ར་བ་ནས་སྤེལ།
     ཐེངས་འདིའི་འགྲན་བསྡུར་ལ་རྫོང་དང་ས་ཁུལ་སོ་སོ་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་སོགས་ཀྱི་འཐུས་ཚབ་རུ་ཁག 20དང་།ལུས་རྩལ་པ་དང་ཁྲིད་སྟོན་པ 240ཞུགས་ཡོད། དེ་དག་གིས་དུས་ཡུན་ཉིན7ལ་ཛ་དྲག་གི་འགྲན་བསྡུར་ཐེངས51 བྱས་མཐར།2019ལོའི་ཟླ2པའི་ཚེས28 ཉིན་གྱི་ཕྱི་དྲོར་བདེ་བླག་ངང་མཇུག་བསྒྲིལ་བ་རེད།
     ཐེངས་འདིར་དཔའ་ལུང་རྫོང་གི་འཐུས་ཚབ་རུ་ཁག་ལ་ཨང་དང་པོ་དང་མཚོ་ཤར་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་ལ་ཨང་གཉིས་པ། ཡ་རྫི་རྫོང་གི་འཐུས་ཚབ་རུ་ཁག་ལ་ཨང་གསུམ་པ། ལུང་མདོ་རྫོང་གི་འཐུས་ཚབ་རུ་ཁག་ལ་ཨང་བཞི་པ། མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འཐུས་ཚབ་རུ་ཁག་ལ་ཨང་ལྔ་པ།བཀའ་མ་ལོག་རྫོང་གི་འཐུས་ཚབ་རུ་ཁག་ལ་ཨང་དྲུག་པ་བཅས་ཀྱི་བྱ་དགའ་ཐོབ་པ་དང་། གཞན་ཡང་མཚོ་ཤར་གྲོང་ཁྱེར་གྲོང་སྡེ་འཆར་འགོད་འཛུགས་བསྐྲུན་ཅུའུ་ཡི་འཐུས་ཚབ་རུ་ཁག་ལ་ལུས་རྩལ་ཀུན་སྤྱོད་དཔེ་ལེགས་བྱ་དགའ་དང་ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་ཤར་ཡན་ལག་དངུལ་ཁང་གི་འཐུས་ཚབ་རུ་ཁག་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་བཅས་ཐོབ་འདུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...