སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མངའ་རིས་སྒེར་རྩེ་རྫོང་འོ་མ་ཤང་འཕྲོག་གུ་གྲོང་ཚོས་རྟ་རྒྱུག་འགྲན་བསྡུར་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-12 9:58:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     སྤྱི་ཟླ4བའི་ཚེས9ཉིན། གངས་རིའི་འདབས་སུ་ཆགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཕྲོག་གུ་གྲོང་ཚོའི་མང་ཚོགས་ཀྱིས་རང་འགུལ་ངང་སྤེལ་བའི་རྟ་རྒྱུག་འགྲན་བསྡུར་འཚོགས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། འཕྲོག་གུ་གྲོང་ཚོ་ནི་སྒེར་རྩེ་རྫོང་གྲོང་ནུབ་ཕྱོགས་ཀྱི་སྤྱི་ལེ50ཡི་སར་གནས་པ་དང་། དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་འབྲོག་ཁུལ་སྒྱུར་བཅོས་ཀྱི་གྲོང་ཚོ་ཨང་དང་པོ་དེ་རེད། 2017ལོར། འཕྲོག་གུ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་1.4ཟིན་ཏེ་གྲོང་ཚོ་ཡོངས་དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་ཕུད་ཟིན་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...