སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཚད་རིམ་ཇེ་མཐོར་སོང་བ།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2012-3-28 10:15:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

  ཉེ་སྔོན་རྒྱལ་ཡོངས་ཀྱི་མི་རིགས་སྨན་ཁང་ཁྲོདGCPསྤུས་ཚད་དཔང་ཡིག་ཡོད་པའི་སྨན་ཁང་ཁོ་ན་སྟེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་རྒྱལ་ཁབ་ཀྱི་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སྤུས་ཚད་བསྐྱར་ཞིབ་བྱས་ཤིང་། དེར་མ་ཟད་མཚོ་སྔོན་ཞིང་ཆེན་དུ GCPསྤུས་ཚད་དཔང་ཡིག་བསྩལ་པའི་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལས་ཁུངས་ཁོ་ན་ཡིན། 2010ལོའི་ལོ་སྨད་དུ་རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའི་ཆེད་མཁས་པའི་ཚན་ཆུང་གིས་ལས་ཁུངས་འདི་ལ་སྤུས་ཚད་བསྐྱར་ཞིབ་བྱས་ནས་ལེགས་བཅོས་ཀྱི་བསམ་འཆར་བཏོན་པ་དང་། 2011ལོར་མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་ཅུས་ཐེངས་མང་པོར་ཞིབ་བཤེར་ནན་མོ་བྱས་པ་དང་མཉམ་དུ། ལེགས་བཅོས་ཀྱི་གནས་ཚུལ་རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ལ་སྙན་ཞུ་བྱས། 2012ལོའི་ཟླ2པར་རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བཀོད་པའི་ཆེད་ལས་ལ་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟའི་སྡེ་ཁག་གིས་ཐོབ་ཐང་གཏན་ཁེལ་བསྐྱར་ཞིབ་བྱས་ནས་མུ་མཐུད་དུ་སྨན་རྫས་ནད་ཐོག་སྨན་བཅོས་ཚོད་ལྟའི་ཐོབ་ཐང་ལྡན་པའི་ཐག་བཅད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...