སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང་དངོས་སུ་སྒོ་ཕྱེས་པ།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-11-18 14:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང་།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང་དངོས་སུ་སྒོ་ཕྱེས་པ།

  ཟླ11པའི་ཚེས9ཉིན།  ཁྲི་ཀ་རྫོང་གི་ཆེས་ཆེ་བའི་མི་རིགས་སྨན་ཁང་སྟེ་ཁྲི་ཀ་བོད་སྨན་ཁང(མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང)དངོས་སུ་སྒོ་ཕྱེས་ཤིང་། དེས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དགེ་མཚན་བེད་སྤྱད་ནས་མཉམ་དུ་དོ་དམ་བྱེད་པའི་སྒྲིག་གཞི་བཙུགས་ཏེ་རིམ་པ་གསུམ་པའི་སྨན་ཁང་གི་སྨན་བཅོས་ཐོན་ཁུངས་ཀྱི་ཞབས་ཞུ་དམངས་ལ་མྱོང་དུ་བཅུག་པ་རེད།
  སྒོ་ཕྱེས་པའི་ཉིན་དང་པོར་ཁྲི་ཀ་བོད་སྨན་ཁང་གིས་འགན་བབ་སྨན་བཅོས་དང་སྨན་རྫས་སྟེར་བའི་བྱ་འགུལ་སྤེལ་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་ལ། བསྡོམས་རྩིས་ལྟར་ན་ཉིན་དེར་སྨན་པ་བསྟེན་པའི་མི་གྲངས1300ལྷག་ལ་སླེབས་པ་དང་། རིན་ཐང་སྒོར་ཁྲི5ལྷག་གི་སྨན་རྫས་བྱིན་པ་རེད།
  ཁྲི་ཀ་བོད་སྨན་ཁང་གི་འགོ་གཙོ་འཛོམས་སྐྱིད་ལགས་ཀྱིས་བཤད་རྒྱུར། མིག་སྔར་སྨན་ཁང་གི་སྨན་བཅོས་སྒྲིག་བཀོད་དང་ཁོར་ཡུག་སོགས་འཐུས་ཚང་དུ་གཏོང་བཞིན་ཡོད་ཅིང་། མ་འོངས་པར་སྨན་བཅོས་ཞབས་ཞུའི་གོ་རིམ་ཁྲོད་ཁོང་ཚོས་མུ་མཐུད་དུ་བོད་ལུགས་གསོ་རིག་གི་དགེ་མཚན་འདོན་སྤེལ་བྱ་ངེས་ཡིན་ཞེས་བརྗོད་པ་རེད།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...