སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་སྨན་དང་བོད་ལུགས་གསོ་རིག་ཁྲོད་ལྕགས་རིགས་ལྗིད་གྲས་དངུལ་ཆུའི་སྨན་ནུས་ཐོན་ལུགས་ར་སྤྲོད་ཐུབ་ཡོད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-12-21 10:14:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་མང་པོ་འབད་འཐབ་བྱས་པ་བརྒྱུད་སློབ་གླིང་དེའི་ཚན་ཞིབ་ཚོགས་པས་དེང་རབས་སྨན་སྟོབས་རིག་པའི་བྱེད་ཐབས་ལ་བརྟེན་ནས་བོད་སྨན་དང་བོད་ལུགས་གསོ་རིག་ཁྲོད་ཀྱི་ལྕགས་རིགས་ལྗིད་གྲས་དངུལ་ཆུའི་སྨན་ནུས་ཐོན་ལུགས་ཐེངས་དང་པོར་ར་སྤྲོད་ཐུབ་ཡོད་པ་རེད།
     མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་སྨན་རྫས་རིག་པའི་སྡེ་ཚན་གྱི་དགེ་རྒན་ཆེ་མོ་བ་ལི་ཤང་དབྱང་གིས་ས་མཐོའི་རང་བཞིན་གྱི་ནད་གཞི་ཁ་ཤས་ལ་ཧ་ཅང་ཕན་པའི་བཙོ་ཐལ་སོགས་སྲོལ་རྒྱུན་བོད་སྨན་རྒྱུ་ཆའི་ཁྲོད་ཀྱི་རྒྱུ་ཆ་གཙོ་བོ་ནི་ལྕགས་རིགས་ལྗིད་གྲས་དངུལ་ཆུ་ཡིན་མོད། འོན་ཀྱང་དུས་ཡུན་རིང་པོར་དེ་དག་ཁྲོད་ཀྱི་དངུལ་ཆུའི་སྨན་ནུས་ཐོན་ལུགས་ལ་ཚོད་ལྟའི་ཐོག་ནས་ར་སྤྲོད་བྱེད་མ་ཐུབ་སྟབས་དེ་འདུལ་སྦྱོང་དང་སྡེབ་སྤྱོད་བྱེད་པའི་ཐད་ཀྱི་ཚན་རིག་རང་བཞིན་ལ་ཐེ་ཚོམ་ཟ་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གི་ཡན་ལག་ཅིག་ཡིན་པའི་བོད་ལུགས་གསོ་རིག་ནི་མཚོ་བོད་ས་མཐོ་ནས་དར་པ་དང་། ལོ་རྒྱུས་རྒྱུན་རིང་ལྡན་པ་མ་ཟད་གཞུང་ལུགས་རང་རྐྱ་ཕེར་བ་ཞིག་ཀྱང་ཡིན། 2006ལོར་བོད་སྨན་དང་བོད་ལུགས་གསོ་རིག་འདི་ཉིད་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་ནང་ཚུད་པ་དང་། 2015ལོར་འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གཞུང་ལྷན་ཚོགས་མཉམ་འབྲེལ་ལྷན་ཚོགས་བོད་སྨན་དང་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་ཚད་གཞི་ཞིབ་བཤེར་གཏན་འབེབས་ཨུ་ལྷན་གཉིས་མཚོ་སྔོན་ཟི་ལིང་དུ་སྔ་རྗེས་སུ་བཙུགས་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...