སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དར་མཚོ་རྫོང་བོད་སྨན་ཁང་གིས་དམངས་ལ་ཕན་བདེ་བསྐྲུན་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-24 9:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
       གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ། དར་མཚོ་རྫོང་བོད་སྨན་ཁང་གིས་བོད་སྨན་གྱི་ཁྱད་ཆོས་གཙོར་འཛིན་པ་དང“ནད་པ་ལྟེ་བར་འཛིན་པ”རྒྱུན་འཁྱོངས་བྱས་ཏེ། གཅིན་ནད་བརྟག་དཔྱད་དང་། རྩ་བརྟག་པ་སོགས་ཁྱད་ཆོས་གསུམ་ལྡན་གྱིས་བཅོས་ཐབས་ལག་བསྟར་བྱས་པས་མང་ཚོགས་ཀྱིས་དགའ་བསུ་ཐོབ།
       དེ་མིན་སྦྱོང་རྒྱག་པ་དང་ཁྲག་གཏར་བ། མེ་བཙའ་འཇོག་པ། སྣུམ་བྱུག་པ་དང།  བདུག་སྤོས་བྱེད་པ་སོགས་དང་། གཞན་གཞང་འབྲུམ་ནད་བཅོས་སོགས་རིགས24ཡི་རྨང་གཞིའི་སྟེང་གསར་དུ་སྒ་སྐྱའི་སྣུམ་བྱུག་དང་རྡོའི་སྣུམ་བྱུག་སོགས་ནད་བཅོས་བྱེད་ཐབས་བསྣན་ཏེ་ནད་བཅོས་བྱེད་བཞིན་ཡོད།
     མཆིན་མཁྲིས་ཚན་ཁག་གིས་ཆུ་བརྟག་གསོ་བཅོས་དང་བོད་ལུགས་སྐར་རྩིས་ལུགས་གཉིས་མཉམ་འབྲེལ་སྒོས་ནད་པར་གསོ་བཅོས་བྱེད་པ་དང་སྨན་རྩྭ་ལྡུས་ནས་གསོ་བཅོས་བྱེད་པ། ནད་བརྟག་ལག་ལེན་སོགས་ཀྱི་སྨན་སྣ་རྐྱང་བ94ཡོད། མིག་སྔའི་བར་ནད་བཅོས་བརྟག་དཔྱད་བྱེད་མཁན་མི6000ལྷག་ལ་བསླེབས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...