སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དར་མཚོ་རྫོང་གིས་ལྦ་ཚྭས་མ་འདང་བར་ནད་འབྱུང་བ་འགོག་པའི་ཉིན་མོའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-24 9:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
       གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་དར་མཚོ་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུས་ཀྱིས་རྫོང་གི་བཞི་སྲང་དང་དུང་དཀར་ཐང་ཆེན་ནས་ནད་འགོག་ཉིན་མོའི་བྱ་འགུལ་སྤེལ་བ་དང་། རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུས་དང་། དམངས་སྲིད་ཅུས། འཕྲོད་བསྟེན་ཡམས་འགོག་ས་ཚུགས།  རྫོང་ཚྭ་ལས་ཀུང་སི་སོགས་འབྲེལ་ཡོད་ལས་ཁུངས་དྲིལ་སྒྲོག་བྱ་འགུལ་དུ་ཞུགས།
        ལྦ་ཚྭས་མ་འདང་བར་ནད་འབྱུང་བ་སྔོན་འགོག་བྱེད་པའི་བྱ་བ་ནི་དུས་རྒྱུན་དུ་འཛིན་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན་པས། ཐེངས་འདིའི་བྱ་འགུལ་གྱིས་ཚྭ་ཉུང་བདེ་ཐང་བརྗོད་སྙིང་ཡིན་པའི་བྱ་འགུལ་སྤེལ་ཏེ། ཁྱོན་ཡོངས་ནས་ལྦ་ཚྭས་མ་འདང་བར་ནད་འབྱུང་བ་སྔོན་འགོག་བྱེད་པའི་ཤེས་བྱ་དྲིལ་སྒྲོག་བྱས་ཤིང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ལྦ་ཚྭ་བཟའ་བའི་འདུ་ཤེས་ཇེ་མཐོ་དང་། སྤྱི་ཚོགས་ཡོངས་ཀྱི་བྱ་འགུལ་འདི་ལ་རྒྱབ་སྐྱོར་བྱེད་པ་དང་བྱ་འགུལ་འདིར་ཞུགས་པའི་མཁའ་དབུགས་ཡག་པོ་ཞིག་བཟོ་བ་དང་། ཚྭ་ཁུའི་ཚོང་ར་ཚད་ལྡན་དུ་གཏོང་བ་དང་ཚད་ལྡན་ཡིན་པའི་ལྦ་ཚྭ་བཀོལ་སྤྱོད་བྱེད་པ་སོགས་ཐབས་ལམ་སྣ་མང་བཀོལ་ནས་མང་ཚོགས་ཀྱི་རང་འགུལ་རང་བཞིན་ཇེ་མཐོར་གཏོང་བའི་ཐད་ལ་ནུས་པ་མི་དམན་པ་ཐོན།
       ཐེངས་འདིའི་བྱ་འགུལ་གྱི་སྐབས་སུ། དྲིལ་སྒྲོག་ཡིག་ཆ་སྟོང་གཅིག་དང་བཀྲམ་པ་དང་འཕྲེད་བྱང་བཞི་བཀལ། འགྲེམས་སྟོན་སྒོ་སམ་བཅུ་བསྒྲིགས་ལ་རིན་མ་བླངས་པར་ལྦ་ཚྭ་རྒྱ་མ་བརྒྱ་བྱིན། ཐེངས་འདིའི་བྱ་འགུལ་ལ་རོང་འབྲོག་མང་ཚོགས་བརྒྱད་བརྒྱ་ལྷག་ཞུགས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...